ཞི་ཅིན་ཕིང་གིས་སི་ཕེན་གྱི་མྱུར་བགྲོད་མེ་འཁོར་ཁ་ཤོར་བའི་ལས་འཛོལ་ཐོན་པར་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་ཁྲི་ཐོག་དྲུག་པར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་བ།
ལི་ཆང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་བ།
ཟླ་1ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་གྱི་མྱུར་བགྲོད་མེ་འཁོར་ཁ་ཤོར་བའི་ལས་འཛོལ་ཐོན་པར་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་ཁྲི་ཐོག་དྲུག་པར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་བ་རེད།
ཞི་ཅིན་ཕིང་གིས་སི་ཕེན་ལྷོ་རྒྱུད་ཀྱི་ཁོར་ཏོ་ཝ་ཞིང་ཆེན་དུ་སྟབས་མི་ལེགས་པར་མྱུར་བགྲོད་མེ་འཁོར་ཁ་ཤོར་བའི་ལས་འཛོལ་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་གློ་བུར་དུ་ཤེས་རྟོགས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་རྐྱེན་ལམ་དུ་ཤོར་མཁན་ལ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུས་ནས་རྨས་མ་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་གི་ཡིན་ཞེས་གསུངས་པ་རེད།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།