2026ལོར་ཁྲེང་ཀོན་ཆུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རིན་པ་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱེད་རྒྱུ་རེད་འདུག
སྤྱི་བསྒྲགས།
བོད་རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་དོན་དངོས་ལག་བསྟར་གཏིང་ཟབ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཟུགས་གཞི་བདེ་ཐང་ཡིན་མིན་ཤེས་རྟོགས་དང་དོ་དམ་ནུས་ལྡན་བྱ་ཆེད། 2026ལོར་ཁྲེང་ཀོན་ཆུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རིན་པ་མི་དགོས་པར་གཟུགས་པོ་བརྟག་དཔྱད་མུ་མཐུད་བྱེད་རྒྱུ་རེད། འབྲེལ་ཡོད་གནས་ཚུལ་གཤམ་གསལ།
བརྟག་དཔྱད་ཀྱི་དུས་ཚོད།
2026ལོའི་ཟླ་1ཚེས་1ཉིན་ནས་བཟུང་། གཟའ་འཁོར་རེའི་གཟའ་ཟླ་བ་ནས་པ་སངས་བར་གྱི་ལས་ཀའི་དུས་ཚོད་ནང་ཡིན་པ།
བརྟག་དཔྱད་བྱ་ཡུལ།
ཁྲེང་ཀོན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ཏེ། ལོ་65ཡན་ལ་སླེབས་པའི་རྒན་རྒོན་དང་། སྦྲུམ་མ། ལོ་0-6བར་གྱི་བྱིས་པ། དབང་པོ་སྐྱོན་ཅན། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་བྱ་ཡུལ། དམིགས་བསལ་བུ་ཕྲུག་གི་ཁྱིམ་ཚང་། གཅོང་ནད་ཕོག་པའི་ནད་པ་བཅས་ཡིན་པ།
བརྟག་དཔྱད་རྣམ་གྲངས།
ལོ་ཚད་མི་འདྲ་བར་གཞིགས་ནས་ཁྲག་དང་། གཅིན་པ། མཆིན་པ། མཁལ་མ། ཁྲག་ཚིལ། ཁྲག་མངར། སྙིང་པར། Bསྒྲ་རླབས། Xའོད་ཐིག་གི་བྲང་པར། བུད་མེད་ཀྱི་འབྲས་སྐྲན་གཉིས་སོགས་བརྟག་དཔྱད་བྱེད་ཀྱི་ཡོད།
བརྟག་དཔྱད་བྱེད་ས།
ཁྲེང་ཀོན་ཆུས་ཁྲོམ་གཞུང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་ས་ཚིགས་ཁག
དོ་སྣང་བྱེད་དགོས་པ།
● བརྟག་དཔྱད་བྱེད་མཁན་གྱིས་ངེས་པར་དུ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་། སྤྱི་ཚོགས་འགན་སྲུང་གཱ ཐེམ་ཐོ་སོགས་གོ་ཆོད་ལག་ཁྱེར་གང་རུང་ཞིག་ཁྱེར་ན་ཆོག
● བརྟག་དཔྱད་མ་བྱས་གོང་གི་ཆུ་ཚོད་8ནས་12བར་ལྟོ་ཆས་ཟ་མི་རུང་། ཁྲག་ཤེད་མཐོ་བ་སོགས་གཅོང་ནད་ཕོག་པའི་ནད་པས་རྒྱུན་གཏན་ལྟར་སྨན་བཏང་ན་འགྲིག
● བརྟག་དཔྱད་བྱེད་མཁན་གྱིས་དེ་སྔའི་ནད་ཐོའམ་ཡང་ན་གཟུགས་པོ་བརྟག་དཔྱད་ཀྱི་འབྲས་བུ་ཁྱེར་ན་ནད་གཞིར་བརྟག་དཔྱད་གནད་འཁེལ་བྱེད་ཐུབ།
● 2026ལོའི་ཁྲེང་ཀོན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་རིན་མེད་བརྟག་དཔྱད་བྱས་ཚར་ན་ཡང་བསྐྱར་བྱེད་དགོས་མེད། གལ་ཏེ་སྨན་བཅོས་སྒྲིག་གཞི་གཞན་དག་ལ་གཟུགས་པོ་བརྟག་དཔྱད་བྱས་ཟིན་ན། བརྟག་དཔྱད་འབྲས་བུ་ཁོངས་གཏོགས་ཁྲོམ་གཞུང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)ལ་སྐྱེལ་དགོས་པ་དང་། བརྟག་དཔྱད་འབྲས་བུ་དྲ་ཐོག་བདེ་ཐང་ཡིག་ཚགས་ནང་འཇུག་རྒྱུ་ཡིན་པས་རྗེས་སུ་བཙལ་འཚོལ་བདེ་པོ་ཡོད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས།
2026ལོའི་ཟླ་1ཚེས་19ཉིན།
འབྲེལ་ཡོད་གསར་འགྱུར།