དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དཔེ་ཁྲིད་མི་སྐྱོང་གི་དམ་བཅའ་དོན་གཉེར་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ལིའུ་ཅོན་ཤིས།   |     སྤེལ་དུས།  2026-01-21

    ཧྲའན་ཤིས་ནས་བོད་ལྗོངས་བར་གྱི་སློབ་སྐྱོར་ལམ་བུ་འདིར་ཧྲའན་ཤིས་དགེ་འོས་སློབ་ཆེན་གྱི་དགེ་སློབ་ཆིག་སྟོང་ལྷག་ཙམ་གྱིས་རྒྱུན་མཐུད་དེ་བགྲང་བྱ་བཅུ་གྲངས་བསྐྱོད་ཡོད། ཁོང་ཚོས་གངས་ལྗོངས་ས་མཐོར་ཤེས་བྱ་དང་རེ་བ་བསྣམས་ཏེ་ལང་ཚོའི་མེ་ཏོག་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བཞད་པར་བྱས་ཡོད།

    ལ་ཀླུང་འདོམ་གྱིས་འཇལ། བརྩེ་སེམས་འཛད་མཐའ་མེད། གདམ་ག་འདི་ལྟ་བུ་བྱེད་དོན་ནི་དགེ་འོས་སློབ་མ་ཁག་ཐེངས་རེ་རེར་ཕུགས་བསམ་དང་དད་སེམས་བརྟན་པོ་དང་རྒྱལ་ཞེན་གྱི་བརྩེ་བ་དྭངས་མ་ཡོད་པས་རེད། གངས་ལྗོངས་ས་མཐོར་གནམ་གཤིས་ཞན་པ་དང་མི་འབོར་ཉུང་བ། འཚོ་བ་དཀའ་ངལ་ཆེ་བ་སོགས་ལ་ཚང་མས་སྐྲག་སྣང་མི་བྱེད་ཀྱང་། དགེ་རྒན་ཉུང་བ་དང་སློབ་མའི་རྨང་གཞི་ཞན་པ་སོགས་ས་གནས་དེ་གའི་སློབ་གསོའི་རྣམ་པ་ལེགས་སུ་གཏོང་བའི་ལས་འགན་ལྕི་པོར་ཁོང་ཚོའི་སེམས་པ་རྟག་ཏུ་འཕྲེང་། ཕྲུ་གུ་དེ་བས་མང་བའི་གདེང་ཚོད་སྐྱེད་སྲིང་དང་སློབ་མར་སྦྱངས་འབྲས་ལེགས་སུ་གཏོང་རོགས་བྱེད་པ་སོགས་ཁོང་ཚོས་སེམས་ནུས་བཏོན་ཏེ་ཕྲུ་གུ་ཚོར་འཇིག་རྟེན་གྱི་ངོ་མཚར་རྟོགས་པའི་སྒེའུ་ཁུང་ཞིག་ཕྱེ་བ་དང་། གངས་ལྗོངས་ས་མཐོར་རིག་གནས་ཤེས་བྱའི་ས་བོན་གཏོར།

    ནུབ་རྒྱུད་ས་ཁུལ་ནི་གཞོན་ནུ་འཚར་ལོངས་དང་ཞུན་བརྡར་སྤྲོས་པའི་སློབ་ཁང་ཆེན་པོ་ཞིག་ཡིན། སློབ་ཁྲིད་འཆར་ཟིན་ཞིབ་ཚགས་བཟོ་བ་དང་། ས་གནས་དེ་གའི་རིག་གནས་དང་མཉམ་འདྲེས། སློབ་ཁྲིད་ཀྱི་འཇོན་ཐང་མཐོར་གཏོང་། དགེ་སློབ་དབར་མཉམ་འགུལ་ཟབ་གཏོང་ལ་སོགས་དགེ་འོས་སློབ་མ་ཚོས་ས་མཐོར་རྩ་བ་ཚུགས་པ་དང་ས་མཐོར་རྒྱུས་ལོན་བྱས་ཏེ་འབད་འཐབ་དང་ལེགས་སྐྱེས་ཕུལ་ཞིང་། རང་ངོས་ལ་སྦྱོང་བརྡར་སྤྲས་ནས་འཇོན་ཐང་ཆེན་པོ་ཆགས་པར་བྱས་ཏེ་ལས་འགན་ལྕི་པོ་འཁུར་ཐུབ་པའི་ཕུལ་བྱུང་དགེ་རྒན་དུ་འགྱུར་བར་བྱས་ཡོད།

    གནས་མལ་དྲོན་མོའི་བདེ་བ་བསྐྱུར་དོན་ནི། ཐག་རིང་གྲང་ངད་ས་ཆར་ལེགས་སྐྱེས་འབུལ་བའི་ཆེད། གཞོན་ནུ་སློབ་བུ་ཚོས་མ་ཡུམ་སློབ་གྲྭའི་བློ་བདེ་བག་ཕེབས་དང་གྱེས་ཤིང་། སློབ་དེབ་དང་སློབ་ཆས་འདག་འདག་བླུགས་པའི་རྡོག་ཁྲེས་ཁྱེར་ཏེ་ས་སྨྱུག་ཅིག་དང་ནག་པང་ཞིག་ལ་བརྟེན་ནས་དཔེ་ཁྲིད་མི་སྐྱོང་གི་བབ་ཆགས་པའི་དམ་བཅའ་དོན་གཉེར་བྱེད་བཞིན་ཡོད། མ་འོངས་པར། ལང་ཚོའི་སྟོབས་ཤུགས་དེ་བས་མང་བས་སྤྲོ་སེམས་ཆེན་པོ་དང་ཤེས་བྱ་ཡོན་ཏན་ལ་བརྟེན་ནས་སློབ་གསོའི་རྒྱུན་བསྐྱངས་ཏེ། གངས་ལྗོངས་ས་མཐོར་དཔེ་ཀློག་གི་སྒྲ་དེ་བས་ལྷང་ལྷང་གྲགས་པར་བྱེད་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།