《རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཆོད་དོན》ལ་དངོས་སུ་ནུས་པ་ཐོན་པ་དང་ཀྲུང་གོ་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཁག་དང་པོར་གྱུར་པ།
ཟླ་1ཚེས་17ཉིན། 《<མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས>མངའ་འོག་རྒྱལ་ཁབ་ཀྱི་དོ་དམ་ཁྱབ་ཁོངས་མ་ཡིན་པའི་ས་ཁོངས་ཀྱི་རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་བདག་སྐྱོང་དང་རྒྱུན་མཐུད་བེད་སྤྱོད་ཆོད་དོན》(གཤམ་དུ《རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཆོད་དོན》ཞེས་བསྡུ་རྒྱུ)ལ་དངོས་སུ་ནུས་པ་ཐོན་པ་དང་། ཀྲུང་གོ་ཆིངས་ཡིག་འཇོག་མཁན་གྱི་རྒྱལ་ཁབ་ཁག་དང་པོར་གྱུར་པ་རེད།
《རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཆོད་དོན》གྱི་འཕེལ་རིམ་དེ་2004ལོ་ནས་གྲོལ་མོལ་བྱེད་འགོ་ཚུགས་ཤིང་། 2023ལོའི་ཟླ་6ཚེས་19ཉིན་གྲོས་མོལ་གཅིག་མཐུན་གྱི་རྣམ་པའི་ཐོག་ནས་གྲོས་འཆམ་བྱུང་བ་དང་། ལོ་དེ་གའི་ཟླ་9ཚེས་20ཉིན་མིང་རྟགས་འགོད་འགོ་ཚུགས་ཡོད། ཀྲུང་གོ《རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཆོད་དོན》གྲོས་མོལ་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་པ་དང་། ཆོད་དོན་ལ་མིང་རྟགས་འགོད་འགོ་ཚུགས་པའི་ཉིན་དང་པོར་མིང་རྟགས་བཀོད་དེ། མིང་རྟགས་འགོད་མཁན་རྒྱལ་ཁབ་ཁག་དང་པོའི་གྲས་སུ་གྱུར་པ་དང་། ཆོད་དོན་ནུས་པ་མ་ཐོན་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེར་ཆོག་མཆན་ཡི་གེ་བསྐྱལ་ནས་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཁག་དང་པོར་གྱུར་པ་རེད།
འབྲེལ་ཡོད་གསར་འགྱུར།