རྒྱ་ཚ་རྫོང་གིས་ནུས་ཤུགས་ཡོད་རྒུས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ།
ཉེ་དུས་རྒྱ་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས(གྲོང་ཁྱེར་དོ་དམ་ཅུས་)ཀྱིས་གྲོང་ཁུལ་གཙོ་བོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲོམ་གཞུང་གི་གཙང་སྦྲ་དང་། སྒྲིག་བཀོད་ཉམས་གསོ། འཕྲོད་བསྟེན་བཅོས་སྐྱོང་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམ་པོར་དམིགས་ནས“གཅིག་གྱུར་དང་། འཁྲུ་བཤལ། ཉམས་གསོ། གཙང་སེལ”བཅས་དམ་འཛིན་བྱ་གཞིར་བྱས་ཏེ་རྫོང་གྲོང་གི་ཁོར་ཡུག་སྤུས་ཚད་མཐོ་རུ་རྒྱུན་མཐུད་འགྲོ་རྒྱུར་སྐུལ་འདེད་བཏང་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་ཕན་པ་དེ་བས་ཡག་པ་ཐོབ་རྒྱུར་སྐུལ་འདེད་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བཅོས་སྒྲིག་བྱ་སྤྱོད་ཀྱིས་སྤྱི་འདོམས་བཀོད་སྒྲིག་མཐའ་འཁྱོངས་དང་། ལས་ཀའི་ཆེད་གཉེར་ཚན་པ་བཙུགས་པ། ཆེད་དོན་བརྟག་ཞིབ་ཐེངས་15སྤེལ་བ། ཁྲོམ་གཞུང་གཙོ་བོར་སྦགས་བཙོག་ཡོད་མེད་དང་། མི་འགྲོའི་ལམ་བུར་གཏོར་སྐྱོན་ཕོག་མིན། གཞུང་ལམ་གྱི་ཕྱོགས་སྟོན་བྱང་བུར་གཏོར་སྐྱོན་ཕོག་མིན་བཅས་དང་། དེ་བཞིན་གཙང་སྦྲའི་ཁུག་ཆ་ལུས་མིན་སོགས་ཀྱི་གནད་དོན་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་ཏེ“གནད་དོན་གཅིག་ལ་རྩིས་ཁྲ་གཅིག”གི་ལམ་སྲོལ་བཟོས་ནས་འགན་འཁྲི་ཁ་གསལ་པོས་བཅོས་སྒྲིག་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།
ཁྲོམ་གཞུང་གཙོ་བོར་སྣུམ་དྲེག་རྡུལ་གསོག་སོགས་ཡོད་པའི་གནད་དོན་ལ་དམིགས་ནས། འཕྲུལ་ཆས་ཅན་གཙོ་བོར་བྱེད་པ་དང་མི་ཐབས་རམ་འདེགས་སུ་བྱེད་པའི་ལས་སྒྲུབ་བྱེད་སྟངས་སྤྱད་དེ་འཕྲུལ་སྒུལ་འཁོར་ལམ་དང་། འགྲོ་ལམ། ལམ་སྐྱོར་སོགས་གཙང་མ་བཀྲུས་པ་རེད། མིག་སྔའི་བར་རིམ་རྩིས་བརྒྱབ་ན་འགྲོ་ལམ་ཐེངས་22བཀྲུས་པ་དང་། གཙང་སྦྲ་བྱེད་མཁན་མི་ཐེངས་300ལྷག་ཙམ་བཏང་བ་ལས་ཁྲོམ་གཞུང་གཙོ་བོའི་ལམ་ངོས་མངོན་གསལ་དོད་པོས་གཙང་སྦྲ་དོད་དུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།