དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཕོ་འགྱུར་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས”

    ​ཧིན་རྡུ་ཉི་ཞི་ཡའི་ཤར་ལྷོའི་འཐབ་ཇུས་ཇུས་འདོན་ཚོགས་པའི་མཐོ་རིམ་ཞིབ་འཇུག་པ་ཅར་པི·ས་མུའུ་ཧུའུ་ཏིར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ཚའོ་ཧྲི་ཡུན།   |     སྤེལ་དུས།  2026-01-21


    ཅར་པི·ས་མུའུ་ཧུའུ་ཏི།

    “ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་ནས་བདག་དབང་འདྲ་མཉམ་ལག་བསྟར་བྱེད་པ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་སྲུང་ཞུ་བ། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ། མི་རྩ་བར་འཛིན་རྒྱུ་དར་སྤེལ་གཏོང་བ། བྱ་སྤྱོད་ཀྱི་ཁྲིད་སྟོན་ལ་མཐོང་ཆེན་བྱེད་པ་བཅས་ལྟེ་བའི་འདུ་ཤེས་ཆེན་པོ་ལྔ་ནན་བཤད་བྱས་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཀྲུང་གོའི་འདོད་ཚུལ་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་སྟེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་ནང་ཞུགས་པར་ཁ་གསལ་ལ་བཀོལ་སྤྱོད་ཆོག་པའི་ཐབས་ལམ་མཁོ་འདོན་བྱས་ཡོད”ཅེས་ཧིན་རྡུ་ཉི་ཞི་ཡའི་ཤར་ལྷོའི་འཐབ་ཇུས་ཇུས་འདོན་ཚོགས་པའི་མཐོ་རིམ་ཞིབ་འཇུག་པ་ཅར་པི·ས་མུའུ་ཧུའུ་ཏིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་པ་དང་། ཁོང་གིས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དེ་དེང་སྐབས་འཛམ་གླིང་གི་དགོས་མཁོ་དང་མཐུན་པ་དང་མི་སེམས་གཏད་ཕྱོགས་དང་མཐུན་ནས། ཡོ་ལང་ཆེ་བའི་འཛམ་གླིང་ལ་རྩ་ཆེའི་བརྟན་བརླིང་རང་བཞིན་བསྣན་ཡོད་ཅེས་བརྗོད།

    ཕྱོགས་མང་རིང་ལུགས་ལ་འགྲན་སློང་འཕྲད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་ཚོད་བགམ་ཕོག་པའི་རྒྱབ་ལྗོངས་འོག ས་མུའུ་ཧུའུ་ཏི་ཡིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་རྩ་དོན་ཁྲོད་རྩ་བ་ཚུཌ་ནས། ཕྱོགས་མང་མཉམ་ལས་ཟབ་ཏུ་གཏོང་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་བཅངས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་རེ་སྒུག་ལ་ལན་ཧུར་ཐག་བཏབ་ཡོད་ཅེས་བརྗོད། “གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་པ་དེ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ལྟེ་བའི་ནུས་པ་འདོན་པ་དང་ཕྱོཌ་མང་རིང་ལུགས་ངོ་མ་སྲུང་སྐྱོང་བྱེད་པར་ཀྲུང་གོས་རྒྱབ་སྐྱོར་བརྟན་པོ་བྱེད་པའི་ཆོད་སེམས་མཚོན་ཡོད”ཅེས་ས་མུའུ་ཧུའུ་ཏི་ཡིས་བརྗོད།

    “མིག་སྔར། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་གྱི་དབང་གྲགས་རང་བཞིན་ཉམས་ཞན་དུ་འགྲོ་བཞིན་ཡོད། རྒྱལ་ཁབ་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་ཁེ་ཕན་མངོན་འགྱུར་ཡོང་ཆེད་དེ་གོང་བཞག་པའི་རྒྱལ་སྤྱིའི་གྲོས་མཐུན་ནམ་ཡང་ན་ཕྱོགས་མང་མཉམ་ལས་སྒྲོམ་གཞི་སྣང་མེད་དུ་གཏོང་གི་ཡོད” ས་མུའུ་ཧུའུ་ཏི་ཡིས་ངོས་འཛིན་བྱས་དོན། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་རང་བཞིན་དང་སྒམ་བརླིང་རང་བཞིན་བསྐྱར་བསྒྲགས་དང་སྲུང་སྐྱོང་བྱ་རྒྱུ་དེ་ཧ་ཅང་ཁ་ཚ་དགོས་གཏུགས་ཤིག་ཡིན་པདང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོར་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་འདྲ་མཉམ་གཅིག་གྱུར་ངང་སྤྱོད་དགོས་པའི་འདོད་ཚུལ་བཟུང་པ་ནི། སྒྲིག་སྲོལ་ལ་གཞིགས་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཁ་ཕྱོགས་གསལ་སྟོན་བྱས་པ་རེད།

    ས་མུའུ་ཧུའུ་ཏི་ལྟར་ན། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ནི་ཀྲུང་གོ་རང་ངོས་ཀྱི་བཅོས་སྐྱོང་འཚོལ་ཞིབ་ལས་བྱུང་བ་མ་ཟད། རྒྱལ་ཁབ་གཞན་དག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔྱད་གཞིར་འཛིན་ཆོག་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད། ས་མུའུ་ཧུའུ་ཏི་ཡིས“འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱལ་སྤྱིའི་ལས་དོན་ཁྲོད་འཕྲད་པའི་གནད་དོན་ཚད་མཐོའི་འདྲ་མཚུངས་ཡིན་པ་དང་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་ཐད་ཀྱི་མྱོང་ཚོར་དང་བརྡར་གཅོད་ཀྱང་འདྲ་པོ་ཡོད། དེར་བརྟེན། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་ལྟེ་བའི་འདུ་ཤེས་ལ་ངོས་འཛིན་ཡང་གཅིག་མཐུན་ཡོང་སླ་པོ་རེད”ཅེས་བརྗོད།

    ས་མུའུ་ཧུའུ་ཏི་ཡིས་ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དོན་འཁྱོལ་བྱེད་པའི་ལག་ལེན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། དེ་ལས་ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་དང་ཕྱོགས་མང་མཉམ་ལས་མཐའ་འཁྱོངས་བྱེད་པའི་སྙིང་སྟོབས་མངོན་པའི་ངོས་འཛིན་བྱས་པ་རེད། ས་མུའུ་ཧུའུ་ཏི་ཡིས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུའི་ཚོགས་པ་སོགས་ཕྱོགས་མང་ལམ་སྲོལ་བརྒྱུད་ཧིན་རྡུ་ཉི་ཞི་ཡ་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་འབྲེལ་བ་ཉིན་རེ་བཞིན་ཟབ་ཏུ་བཏང་ནས་དེ་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་། “ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བརྟན་པོ་བྱས་པར་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁས་ལེན་ཡོངས་ཁྱབ་ངང་ཐོབ་ཡོད”ཅེས་བརྗོད།

    ས་མུའུ་ཧུའུ་ཏི་ཡིས། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་སོགས་ས་ཁོངས་ཀྱི་ཕྱོགས་མང་སྒྲོམ་གཞིའི་འོག་མཉམ་ལས་བར་མཐོངས་རྒྱ་སྐྱེད་ཧུར་ཐག་བཏང་ནས་ས་ཁོངས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་ཕན་ཡོད་ཀྱི་དཔྱད་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡའི་ས་ཆ་མང་པོ་ཞིག་ཏུ་བསྐྲུན་པའི་མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ་སོགས་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱས་པ་དང་ལྷག་པར་དུ་ཐག་རིང་ས་ཁུལ་དང་མི་དམངས་ལ་ཕན་པ་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་བསྐྱར་སྐྱེས་ནུས་རྒྱུ་དང་། གྲངས་འཛིན་དཔལ་འབྱོར། དངུལ་རྩའི་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཀྲུང་གོས་ས་ཁུལ་དེ་གར་མ་འཇོག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཡོངས་ཁྱབ་ངང་ཞུ་གི་ཡོད་ཅེས་བརྗོད། ས་མུའུ་ཧུའུ་ཏི་ཡིས“གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་པ་དང་དེ་བཞིན་ཀྲུང་གོས་ས་ཁོངས་བཅོས་སྐྱོང་ཐད་དགེ་མཚན་ལྡན་པའི་བྱ་སྤྱོད་མངོན་པ་དེས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་མཉམ་ལས་འབྲེལ་བ་ཟབ་ཏུ་གཏོང་བར་གོ་སྐབས་གལ་ཆེན་གཏོད་རྒྱུ་རེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།