བྱིས་པ་དང་ཕྲུ་གུ་དམར་འབྱར་གྱི་ཚི་སྣའི་ཐོན་རྫས་ལ་ལས་སྣོན་བསྐྱར་མ་བྱས་པའི་ཚི་སྣའི་རྒྱུ་ཆ་སྤྱོད་མི་ཆོག་པ།
གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་བཏོན་པའི《ཚི་སྣའི་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་བྱ་ཐབས》ནང་། ཕྲུ་གུ་དམར་འབྱར་གྱི་ཚི་སྣའི་ཐོན་རྫས་དང་། སློབ་མའི་གྱོན་ཆས། ནང་འཇམ་སོགས་ཀྱི་ཐོན་རྫས་ལ་གཙོ་གནད་ལྟ་འདོམས་བྱས་ཏེ་རྒྱུ་ཆ་དང་། ཐོན་སྐྱེད། མཚོན་རྟགས་བཅས་ཀྱི་འགག་རྩའི་ལྷུ་ཚིགས་ཆེན་པོ་གསུམ་ལ་དམིགས་ནས་གནད་སྨིན་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྣ་འདུས་ཐབས་བཟང་བཏོན་ཡོད་པ་རེད།
རྒྱུ་ཆར་དོ་དམ་ནན་པོ་བྱེད་པ་ལས་ལྷོད་གཡེང་གཏོང་མི་རུང་ཞིང་། ཉེན་ཁའི་རིམ་པ་མི་འདྲ་བའི་ཐོན་རྫས་ལ་དམིགས་ནས་རྒྱུ་ཆ་བེད་སྤྱོད་བྱེད་མི་ཆོག་པའི་རིགས་ལ་དམིགས་སུ་དོ་དམ་བྱེད་དགོས། ཕྲུ་གུ་དམར་འབྱར་གྱི་ཚི་སྣའི་ཐོན་རྫས་དང་ནང་འཇམ་སོགས་ཀྱི་གཙོ་གནད་ཐོན་རྫས་ལ་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞིའི་རྨང་གཞིའི་ཐོག་བླང་བྱ་དེ་བས་ནན་དུ་བཏང་ནས། ལས་སྣོན་བསྐྱར་མ་བྱས་པའི་ཚི་སྣ་རྒྱུ་ཆར་བྱས་ཏེ་ཐོན་སྐྱེད་གཏན་ནས་བྱེད་མི་ཆོག་པ་གསལ་པོར་བཏོན་ཡོད།
ཆ་འཕྲིན་མཚོན་རྟགས་ལ་བླང་བྱ་ནན་པོ་བཏོན་ཞིང་། སློབ་མའི་གྱོན་ཆས་དང་། ནང་འཇམ། ཕྲུ་གུ་དམར་འབྱར་གྱི་ཚི་སྣའི་ཐོན་རྫས་སོགས་ཀྱི་ཐོན་རྫས་མཚོན་རྟགས་ནང་ཚི་སྣའི་གྲུབ་ཆ་དང་། འདུས་ཚད། དེ་བཞིན་བདེ་འཇགས་ལག་རྩལ་གྱི་རིགས་བཅས་ཚུད་དགོས་པ་དང་། འཚོ་བའི་མཁོ་ཆས་མ་ཡིན་པའི་བལ་འདྲའི་ཚི་སྣའི་ཐོན་རྫས་ལ་ངེས་པར་དུ་མངོན་གསལ་དོད་སར“འཚོ་བའི་མཁོ་ཆས་མིན་པ”ཞེས་པའི་ཡུན་ཐུབ་རང་བཞིན་གྱི་མཚོན་རྟགས་འགོད་དགོས།
《ཚི་སྣའི་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་བྱ་ཐབས》ནི་ད་ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།