དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དགུ་གསུམ་སློབ་ཚོགས་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-21

    དགུ་གསུམ་སློབ་ཚོགས་སྐབས་བཅོ་ལྔ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཚེས་18ཉིན་པེ་ཅིང་དུ་ཚོགས་འགོ་ཚུགས་ཤིང་། ཚོགས་འདུའི་ནང་དོན་གཙོ་བོ་ནི་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། དགུ་གསུམ་སློབ་ཚོགས་སྐབས་བཅོ་ལྔ་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2025ལོའི་ལས་དོན་སྙན་སྒྲོན་ཉན་ནས་གྲོས་ཞིབ། དགུ་གསུམ་སློབ་ཚོགས་སྐབས་བཅོ་ལྔ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནང་ཁུལ་ལྟ་སྐུལ་ཨུ་ལྷན་གྱི་2025ལོའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ། འབྲེལ་ཡོད་མི་དོན་དོན་ཚན་ལ་གྲོས་ཞིབ་བཅས་བྱེད་པ་དང་ཆབས་ཅིག དགུ་གསུམ་སློབ་ཚོགས་སྐབས་བཅོ་ལྔ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་། རྒྱུན་ལས་ཨུ་ཡོན། ཨུ་ཡོན་སོགས་གསབ་འདེམས་བྱ་རྒྱུ་དེ་ཡིན་པ་རེད། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ་ཡིས་དགུ་གསུམ་སློབ་ཚོགས་སྐབས་བཅོ་ལྔ་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་ཞུས་པ་དང་། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་གིས་འགོ་འཛུགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝུའུ་ཝེ་ཧྭ་ཡིས་བསྟན་དོན། ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག སློབ་ཚོགས་ཀྲུང་དབྱང་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། ཀྲུང་གུང་ཀྲུང་དབྱང་གིས་དགུ་གསུམ་སློབ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་སྤྲིངས་པའི་ཤིས་ཚིག་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སློབ་ཚོགས་ཀྱི་ཚོགས་ཆེན་བཅུ་གཉིས་པ་དང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཐོག ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། བློ་རིག་དང་སྟོབས་ཤུགས་གཅིག་སྡུད། སྲིད་དོན་ཇུས་འབུལ་བཅས་བྱས་ནས་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་ཕུལ་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།