ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གཟི་ཕུག་གྲོང་ཚོས།
“སྐར་གསོག་སྒོ་རྩིས་ཚོང་ཁང”ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གཟི་ཕུག་གྲོང་ཚོའི“སྐར་གསོག་སྒོ་རྩིས་ཚོང་ཁང་”དེ་གྲོང་མིའི་གླེང་གཞི་གཙོ་བོར་གྱུར་ཡོད། སྒོ་རྩིས་ཚོང་ཁང་གིས“སྐར་གསོག་ནས་གོམས་གཤིས་སྒྱུར་བ་དང་བརྩོན་འགྲུས་ལས་འཚོ་བར་འགྱུར་ལྡོག་གཏོང་བ”དམིགས་ཡུལ་དུ་བྱས་ཏེ། “སྐར་གསོག་ཆུང་ངུར”བརྟེན་ནས“འཕེལ་རྒྱས་ཆེན་པོར”སྐུལ་འདེད་གཏོང་བ་དང་། “ལག་རྟགས་ཆུང་ངུར”བརྟེན་ནས“བཅོས་སྐྱོང་ཆེན་པོར”སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད།
གཟི་ཕུག་གྲོང་ཚོས་ཏང་གི་ཆབ་སྲིད་འཛུཌ་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས། “སྐར་གསོག་སྒོ་རྩིས་ཚོང་ཁང”འཛུགས་སྐྲུན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། རྣམ་གྲངས་དེར་བཀྲ་ཤིས་སྒང་ཤང་སྲིད་གཞུང་གིས་གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཐུད་མ་དངུལ་སྒོར་ཁྲི་10དང་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་ཆེད་དོན་མ་དངུལ་སྒོར་ཁྲི་10རག་པ་དེ་སྒོ་རྩིས་ཚོང་ཁང་གི་རྨང་གཞིའི་སྒྲིག་བཀོད་དང་ཕྱི་རོལ་སྒྱུར་བཀོད་ཐད་སྤྱད་པ་དང་། 2024ལོ་ནས་བཟུང་། ཀུང་སི་དེས་ལོ་ལྟར་ད་དུང་སྒོར་ཁྲི་20བཏང་ནས་སྒོ་རྩིས་ཚོང་ཁང་གི་དངོས་ཟོག་ཉོ་སྒྲུབ་དང་སྐར་གསོག་བརྗེ་སྤྲོད་འགན་ལེན་བྱེད་ཀྱི་ཡོད། “སྐར་གསོག་སྒོ་རྩིས་ཚོང་ཁང”བཙུགས་ནས་གཉེར་སྐྱོང་བྱེད་འགོ་ཚུཌ་པ་དེས་གྲོང་ཚོའི་ལས་བྱེད་པ་དང་། དྲ་མིག་པ། ཞིང་འབྲོག་མང་ཚོཌ་བཅས་ཞུཌ་པའི་སྤྲོ་སེམས་ངེས་ཅན་འཕེལ་ནས་གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གཟི་ཕུག་གྲོང་ཚོའི“སྐར་གསོག་སྒོ་རྩིས་ཚོང་ཁང”གིས་སྐར་གསོག་དོ་དམ་གྱི་ཞིབ་སྲོལ་བཟོས་ནས་གྲོང་གསེབ་བཅོས་སྐྱོང་གི་གཙོ་གནད་ལས་འགན་དེ་བྱ་དགའི་ནང་དོན་ཁག་21ལ་ཞིབ་ཕྲར་ཕབ་པ་དང་ཆབས་ཅིག་བྱེད་སྤྱོད་ངན་པའི་ཆད་གཅོད་ལམ་སྲོལ་ཁག་10བཀོད་སྒྲིག་བྱས་ཏེ་དྲང་ཕྱོགས་ཀྱི་སྐུལ་ལྕག་དང་ལྡོག་ཕྱོགས་ཀྱི་གཅུན་འདོམས་ཟུང་འབྲེལ་བྱེད་པའི་བྱེད་སྟངས་བརྒྱུད། མང་ཚོགས་ཚོ་གཞི་རིམ་བཅོས་སྐྱོང་གི“ཟུར་བལྟས་པ”ནས“ལག་ལེན་པར”འགྱུར་བར་སྐུལ་འདེད་བཏང་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། སྐར་གསོག་ལྕག་སྐུལ་ལམ་སྲོལ་ལ་བརྟེན་ནས། གཟི་ཕུག་གྲོང་ཚོས་རིམ་རྩིས་བརྒྱབ་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཐེངས་60ལྷག་ཙམ་བྱས་པ་དང་འོས་འགན་ངལ་རྩོལ་ཐེངས་20ལྷག་ཙམ་སྒྲིག་འཛུགས་བྱས་པས་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།