དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་སྨན་རྫས་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་ འཕྲལ་སྡོམ་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-21

    འདི་ནི་འཕྲལ་སྡོམ་ནང་སྦྱོང་ལ་ཞུགས་མཁན་ལྟ་ཞིབ་པ་ཚོས་སྤེལ་རེས་གཏམ་བཤད་བྱེད་བཞིན་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྣེ་ཁྲིད་ནས་2025ལོའི་རིམ་པ་Ⅲཔའི་སྨན་རྫས་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་ནང་སྦྱོང་བྱས་ཏེ། གྲོང་ཁྱེར་དེའི་སྨན་རྫས་བདེ་འཇགས་སྐོར་ལ་འཕྲལ་སྡོམ་ནང་སྦྱོང“བྱེད་མྱོང་མེད་པའི”ལོ་རྒྱུས་ལས་ཚད་བརྒལ་བྱུང་ནས། གྲོང་ཁྱེར་ཡོངས་ཀྱི་སྨན་རྫས་ལྟ་འདོམས་ནུས་པ་འཛུགས་སྐྱོང་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ད་ཐེངས་ཀྱི་ནང་སྦྱོང་ནི་ཐོལ་བྱུང་ཚོགས་སྤྱིའི་སྨན་སྤྱོད་བདེ་འཇགས་དོན་རྐྱེན་རྒྱབ་ལྗོངས་སུ་བྱས་ཏེ། དོན་རྐྱེན་སྙན་ཞུ་དང་སྔོན་ལ་ཐག་གཅོད་དང་། འཕྲལ་སྡོམ་དང་ལེན། བརྟག་དཔྱད་དང་གནོད་འཚེ་ཚོད་འཛིན། སྨན་བཅོས་སྐྱོབ་བཅོས། དང་ལེན་མཚམས་འཇོག་དང་རྗེས་སུ་ཐག་གཅོད་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་རེད། རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་དང་། ས་གནས་ཁག(གྲོང་ཁྱེར)ཁྲོམ་ར་ལྟ་འདོམས་སྡེ་ཚན། རྫོང་ཁག(ཆུས་དང་གྲོང་ཁྱེར)བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་སོགས་ཀྱི་མི་140ཙམ་གྱིས་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།