དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་དར་དང་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་ཇི་ལྟར་གཏོང་དགོས་སམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ཡུས་ཅིང་ཤན།   |     སྤེལ་དུས།  2026-01-21

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་ཞིང་དར་དང་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས་པ་བཏོན་ཡོད།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྔ་རྗེས་སུ་ཞིང་དར་དང་། ཞིང་ཕན། ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། ཐོན་སྐྱེད་གོང་དང་། ཐོན་སྐྱེད་བྱེད་རིང་། ཐོན་སྐྱེད་བྱས་རྗེས་བཅས་ཀྱི་ལྷུ་ཚིགས་ཁག་དང་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ལ་ཁྱབ་པའི་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་ལམ་ལུགས་དང་། དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་མ་ལག་བཙུགས་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཅུང་མགྱོགས་པོ་འཕར་ནས་འཕར་ཚད་ལོ་མང་བསྟུད་མར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་ལས་མཐོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་བསྡུར་ཚད་དེ་2020ལོའི་2.56:1ནས་2024ལོའི་2.34:1བར་ཆུང་དུ་སོང་ཡོད།

    —— ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་སྔར་བཞིན་བལྟོས་བཅས་ཀྱིས་རྗེས་སུ་ལུས་ཡིན་པས་མ་འོངས་པར་ཕྱོགས་གང་དག་ནས་ཤུགས་རྒྱག་དགོས་སམ།

    ཞིང་དར་དང་། ཞིང་ཕན། ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་མ་དངུལ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་ཇུས་ཀྱི་ཕན་ནུས་མུ་མཐུད་ཆེ་རུ་གཏོང་བ་སོགས་ཀྱི་སྐོར་ལ་ཞིང་ལས་གྲོང་གསེབ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། ཀྲུང་གོའི་ལྟོ་ཕོར་བརྟན་པོ་ཡོང་བའི་གལ་ཆེའི་རང་བཞིན་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་དང་། དར་རྒྱས་འགོར་བའི་ས་ཁུལ་ཁ་ཤས་སུ་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཐད་ད་དུང་ཞན་ཆ་མི་ཉུང་བ་ཞིག་སེལ་དགོས་ཀྱི་ཡོད། གོམ་སྟབས་རྗེས་མར། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ཞན་ཆ་གང་མགྱོགས་སེལ་བར་དམིགས་ནས་ཕན་པ་ཐོབ་ཁྱོན་ཆེ་ཞིང་སྟོན་ཕྱོགས་རང་བཞིན་ཆེ་བའི་སྲིད་ཇུས་གལ་ཆེན་དང་ལས་གྲྭའི་རྣམ་གྲངས་གལ་ཆེན་ཁག་གཅིག་འཆར་འགོད་བྱེད་དགོས་ཀྱི་ཡོད།

    —— མི་ཤུགས་མང་དུ་གཏོང་བ་དང་། དངོས་ཤུགས་བཀོད་སྒྲིག་བྱེད་པ། ནོར་ཤུགས་འགན་སྲུང་བྱེད་པ་བཅས་ཞིང་ལས་དང་གྲོང་གསེབ་ལ་ཕྱོགས་རྒྱུར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་ཞིང་ལས་དང་གྲོང་གསེབ་དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྔོན་ལ་འགན་སྲུང་བྱེད་པའི་ཁྱབ་ཁོངས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ནོར་སྲིད་ཀྱི་ཞིང་ལས་དང་། ནགས་ལས། ཆུ་དོན་བཅས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་11.3དང་རྒྱལ་ཡོངས་ཀྱི་ས་ཞིང་བརྒྱུད་བཤུག་ཡོང་འབབ་ཞིང་ལས་དང་གྲོང་གསེབ་ཏུ་སྤྱོད་པའི་བསྡུར་ཚད་10%ཡན་ཟིན་རྒྱུ་རེད། མ་འོངས་པའི་ལོ་ལྔའི་ནང་རྨང་གཞི་བརྟན་དུ་གཏོང་བ་དང་། ཞན་ཆ་གསབ་པ། ནོར་སྲིད་ཀྱིས་སྔོན་ལ་འགན་སྲུང་དང་། དངུལ་རྩས་གཙོ་གནད་ཐོག་གཟིགས་སྐྱོང་། སྤྱི་ཚོགས་ཧུར་ཐག་ཞུགས་པ་བཅས་ཀྱི་སྣ་མང་མཉམ་ལས་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་བཏང་ནས། མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་འགན་ལེན་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག གྲོང་གསེབ་མི་འབོར་གྱི་འགྱུར་ལྡོག་འགྲོ་ཚུལ་དང་བསྟུན་ནས་ས་གནས་ཁག་གི་དོན་དངོས་དང་ཞིང་པའི་དགོས་མཁོ་གཞིར་བཟུང་། སྤྱི་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་དམིགས་ཏེ་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཞིང་པས་མཐོང་ཐུབ་པ་དང་ཚོར་ཐུབ་པའི་དོན་དངོས་ཁག་གཅིག་སྒྲུབ་པར་དམ་འཛིན་ཡག་པོ་བྱེད་དགོས།

    —— སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་ཆེ་རུ་ཇི་ལྟར་བཏང་སྟེ་ཞིང་པར་ཕན་པ་དངོས་ཐོབ་པ་དང་སྒུལ་ཤུགས་འཕེལ་བར་བྱེད་དགོས་སམ།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་རིན་གོང་དང་། ཁ་གསབ། འགན་བཅོལ་བཅས“ཕྱོཌ་གསུམ་གཞི་གཅིག”གི་རྒྱབ་སྐྱོར་སྲིད་ཇུས་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ཡོད། 2025ལོའི་ལོ་འགོར། ཞིང་ལས་གྲོང་གསེབ་པུས“སྲིད་ཇུས་ཀྱི་གསལ་ཐོའི”རྣམ་པའི་ཐོག་ནས་ལག་བསྟར་བརྟན་པོ་བྱེད་པའི་ཀྲུང་དབྱང་ནོར་སྲིད་ཀྱི་མི་དང་དུད་ཚང་ལ་ཁྱབ་པའི་ཞིང་ལས་ཁ་གསབ་སྲིད་ཇུས་ཁག་9ཁྱབ་བསྒྲགས་བྱས་པ་དེའི་ནང་། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་དང་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་དང་བཀོལ་སྤྱོད་ཁ་གསབ་སོགས་ཚུད་ཡོད་པས་ཞིང་ལས་དུས་ཚིགས་གལ་ཆེན་རིང་ནུས་པ་གང་ལེགས་བཏོན་ཡོད་པ་རེད།

    ཞིང་པས་འབྲུ་རིགས་འདེབས་པར་ཁེ་བཟང་རག་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོས་འབྲུ་རིགས་ལ་དམ་འཛིན་བྱེད་པར་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས། ཞིང་ལས་དང་གྲོང་གསེབ་པུའུ་འཆར་གཞི་ནོར་དོན་སིའི་འགན་འཁུར་བས། རིན་གོང་དང་། ཁ་གསབ། འགན་བཅོལ་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མཐུན་སྦྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱ་རྒྱུ་མ་ཟད། འབྲུ་རིགས་ཐོན་ཁུལ་གཙོ་བོ་དང་འབྲུ་རིགས་ཐོན་སྐྱེད་རྫོང་ཆེ་གྲས་ལ་འབྲེལ་ཡོད་སྲིད་ཇུས་ཀྱིས་གཟིགས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས་ནོར་སྲིད་ཞིང་སྐྱོར་མ་དངུལ་གྱི་འཁོར་འབྲེལ་ཧྲིལ་པོར་ལྟ་འདོམས་བྱེད་པར་མུ་མཐུད་ཤུགས་སྣོན་རྒྱག་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།