རྫ་ཆུའི་རྒྱུད་དུ་མི་སེམས་གཅིག་ཏུ་སྒྲིལ། བོད་ཤར་ཁུལ་དུ་མཐུན་སྒྲིལ་མེ་ཏོག་བཞད།
ཆབ་མདོ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྐོར་གྱི་སྒྲིལ་གླེང་།
“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་སྟངས་འཛིན་ནན་པོ་བྱས་ཏེ། “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལ་བརྟེན་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་མུ་མཐུད་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད།
ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ།
བློ་བཟང་བསོད་ནམས་ལ་མཚོན་ན་ཁོང་གི་ཁྱིམ་གྱི་མི་རབས་གསུམ་ཚང་མས་ཆབ་མདོར་སྨན་པའི་ལས་ལ་གཞོལ་ཞིང་། སྤོ་བོ་ལི་ཡོན་ལང་ནི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་ཞིག་ཡིན་པ་དང་། ཕྱིས་སུ་ཆབ་མདོར་གཞིས་ཆགས་ནས་ཡུལ་དེ་གའི་བོད་རིགས་བུ་མོ་ཞིག་དང་གཉེན་སྒྲིག་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། བློ་བཟང་བསོད་ནམས་ཀྱིས་མ་དངུལ་སྒོར་ཁྲི་35བཏང་ནས་ཁ་རུབ་ཆུས་རི་དུང་ཤང་གི་དཔལ་ཐང་གྲོང་ཚོ་དང་ཉི་འགྲུས་གྲོང་ཚོ་སོགས་རང་བྱུང་གྲོང་ཚོ་ལྔ་ལ་གཞུང་ལམ་དང་ཆུ་ཡུར་བཟོས་པ་མ་ཟད། རི་དུང་བོད་སྨན་སྨན་རྫས་ཞིབ་བཟོ་ལྟེ་གནས་ཚད་ཡོད་འགན་འཁྲི་ཀུང་སིའི་སྣེ་ཁྲིད་དེ་མང་ཚོགས་ལ་སྨན་བཅོས་གྲོན་དངུལ་ཁ་གསབ་དང་དེ་བཞིན་འཚམས་འདྲིའི་དངུལ་དང་འཚོ་བའི་དངོས་ཟོག་སོགས་སྤྲད་པར་རིམ་རྩིས་བརྒྱབ་ན་མི་དམངས་ཤོག་སྒོར་ཁྲི་1700ལྷག་ཙམ་ཟིན་ནས་སྨན་དང་སྨན་བཅོས་སྦྲེལ་ཟམ་དུ་བྱེད་པའི་མཐུན་སྒྲིལ་གྱི་གཏམ་རྒྱུད་མུ་མཐུད་རྩོམ་བཞིན་ཡོད།
ལོ་ལྔ་ཡི་རིང་། ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཆུས་11གིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་8183.45བཏང་ནས་ས་གནས་དེ་གའི་མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་ལེགས་སྒྲིག་གཏིང་ཟབ་བྱས་ཏེ། རྫོང་རིམ་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁང་11བསྐྲུན་པ་དང་། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་ནས་ཁ་རུབ་རིག་གནས་དང་ཁམས་པའི་རིག་གནས་སོགས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས། 《སེ་འབྲུའི་མེ་ཏོག་བཞད། ཆབ་མདོའི་རྒྱ་བོད་གཉེན་སྒྲིག་གི་གཏམ་རྒྱུད་ཕྱོགས་བསྡུས》སོགས་མི་རིགས་རིག་རྩལ་བརྩམས་ཆོས་456གསར་རྩོམ་བྱས་པ་དང་། “ཁྱིམ་ཚང་ཁྲི་སྟོང་མང་པོར་རིག་གནས་ཁྱབ་གདལ་གཏོང”ཞེས་པ་དང“གྲོང་གསེབ་ཏུ་ཟློས་གར་འཁྲབ་སྟོན་བྱེད”ཅེས་པ་སོགས་དམངས་ཕན་འཁྲབ་སྟོན་ཐེངས་ཁྲི་4.95སྤེལ་བར་མང་ཚོགས་མི་ཐེངས་ཁྲི་380ལ་ཕན་པ་ཐོབ་པ། ཆབ་མདོ་གྲོང་ཁྱེར་རྟེན་མཛོད་ཁང་དང་གསར་བརྗེའི་ལོ་རྒྱུས་རྟེན་མཛོད་ཁང་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་ཇུས་འགོད་གསར་སྐྲུན་དང་ཉམས་གསོ་བྱས་ཏེ། ལྟ་སྐོར་སློབ་སྦྱོང་བྱེད་མཁན་ཁག་ཐེངས་260དང་མི་ཐེངས་ཁྲི་11ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད།
“འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱ་སྤྱོད”གཏིང་ཟབ་སྤེལ་བ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཆབ་མདོ་གྲོང་ཁྱེར་གྱིས“འཆར་གཞི་གསུམ”ལག་བསྟར་བྱས་པ་བརྒྱུད་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱེད་པར་སྐུལ་འདེད་བཏང་ཡོད།
མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་སྤེལ་རེས་བྱས་ཏེ། ཕན་བདེ་ཁང་དང་རྫོང་དང་ཆུས་ཁག་གི་གཞོན་ནུ་ལོ་ཆུང་800ལྷག་ཙམ་སྒྲིག་འཛུགས་བྱས་ནས་མེས་རྒྱལ་གྱི་ས་གནས་ཁག་ཏུ་རིམ་པ་ཁག་དང་རིཌ་ཁག་གི་ཞིབ་སློབ་དང་དགུན(དབྱར)སྒར་བྱེད་སྒོ་ཐེངས་76སྤེལ་བ་དང་། ཡུན་རིང་ལྗོངས་ཕྱིའི་ཆ་སྒྲིག་སློབ་གྲྭ་27དང་ཆ་སྒྲིག་ལོ་ཆུང་གདོང་ལེན་རུ་ཁག་52ཀྱི་རུ་མི་2000ལྷག་ཙམ་དང་འཕྲིན་ཡིག་བསྐུར་རེས་བྱས་ཡོད།
མི་རིགས་ཁག་གི་མང་ཚོགས་ཀྱི་སྒར་རེས་རྣམ་པའི་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་580བཏང་ནས“སེ་འབྲུའི་རྡོག་བུ”དང“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྒོ་ར་ཆེན་པོ”སོགས་བརྗོད་དོན་མི་འདྲ་བའི་མི་རིགས་ཁག་གི་མང་ཚོགས་ཀྱི་སྒར་རེས་རྣམ་པའི་འཕེལ་རྒྱས་ཀྱི་དཔེ་སྟོན་སྡེ་ཁུལ་34དང་དཔེ་སྟོན་ཟ་ཁང་1བསྐྲུན་པ་དང་། གྲོང་ཁྱེར་རིམ་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་སྒར་རེས་རྣམ་པའི་འཕེལ་རྒྱས་ཀྱི་དཔེ་སྟོན་སྡེ་ཁུལ་17ལ་སྒོ་བྱང་སྤྲད་པ་རེད།
ལོ་ལྔ་ཡི་རིང་། ཆབ་མདོ་གྲོང་ཁྱེར་གྱི་ཚན་པ་9དང་ཚན་པ་208ལ་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པའི་མིང་སོ་སོར་བཏགས་པ་དང་། རི་ཁུག་ནས་ཁ་བྲལ་མྱོང་མེད་པའི་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱི་ནང་དུ“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་བརྗོད་དོན་གཙོ་བོར་བྱས་པའི“འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི”བྱེད་སྒོ་ཁག་565སྤེལ་བ་དང་མི་16623ལྟ་སྐོར་སློབ་སྦྱོང་ནང་ཞུགས་པར་མཐོང་རྒྱ་ཆེ་རུ་ཕྱིན་ཡོད།
མི་རིགས་ལས་དོན་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་བ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་ལས་དོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁོངས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ལེགས་སུ་གཏོང་བ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱས་ཡོད།
ལམ་ལུགས་དང་ཡིག་ཆ་24ལ་དུས་ཐོག་ཏུ་བཟོ་བཅོས་བརྒྱབ་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་འབྲེལ་ཡོད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྲིད་ཇུས་ཁག་4དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་177ཞིབ་འཇུག་བྱས་ཏེ་བཏོན་ནས། དུས་བསྟུན་མཉམ་སྐྱོད་ཀྱིས་མི་རིགས་ཀྱི་ཁྲིམས་སྲོལ་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ཡོད།
ཆབ་མདོ་གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཀྱི་གྲོང་ཁྱེར་རིམ་པའི་ཏང་གི་འཐུས་མི་དང་། གྲོང་ཁྱེར་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། གྲོང་ཁྱེར་རིམ་པའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བཟུང་བའི་བསྡུར་ཚད་69.12%དང་། 67.94% 80.15%བཅས་སོ་སོར་ཟིན་ནས། མི་རིགས་ཁག་གི་མང་ཚོགས་རྒྱལ་ཁབ་དང་ས་གནས་ཀྱི་ལས་དོན་དོ་དམ་ཁྲོད་ཞུགས་པར་འགན་ལེན་གང་ལེགས་ཐུབ་པ་དང་། གྲངས་ཉུང་མི་རིགས་ལས་བྱེད་པས་ལས་བྱེད་པའི་བསྡོམས་འབོར་གྱི་63.28%བཟུང་ཡོད།
རྒྱུན་རྣམ་ཅན་གྱི་སྒོ་ནས“ལས་བྱེད་པ་སྟོང་གྲོང་ཚོ་སྟོང་དུ་སྐྱོད་པའི”བྱེད་སྒོ་སྤེལ་ཏེ། མང་ཚོགས་ལ་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་སྲིད་ཇུས་དང་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་ཐེངས་ཁྲི་1ལྷག་ཙམ་བྱས་པ་དང་མི་ཐེངས་ཁྲི་131.5ལ་ཕན་པ་ཐོབ་ཡོད། འགལ་བ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གྱི་གནད་དོན་3780གྲལ་བཤེར་བྱས་པ་དང་རིགས་ཁག་གི་རྩོད་གཞིའི་གྱོད་གཞི་3445འདུམ་འགྲིག་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།