དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་རྒྱལ་གྱིས་བཟོས་པའི་གཏན་འཇགས་ཀྱི་མི་མེད་སྐྱེལ་འདྲེན་གནམ་གྲུ་ཆེན་པོ་ཚོད་འཕུར་ཐེངས་དང་པོ་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-21

    གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཟླ་1ཚེས་14ཉིན་གྱི་ཐོ་རེངས་སུ། ཉིང་ཁྲིའི་སྨན་གླིང་གནམ་ཐང་ནས་འཕུར་བའི་གཏན་འཇགས་ཀྱི་མི་མེད་སྐྱེལ་འདྲེན་གནམ་གྲུ་ཆེན་པོFP—985“གླང་ཁྱིམ”རྟགས་ཅན་སི་ཁྲོན་མན་དབྱང་ཁྲོན་བྱང་ཡུང་ཁྲང་གནམ་ཐང་དུ་དལ་བུར་བབས་ཤིང་། དེ་ཐོག་ནས་རང་རྒྱལ་གྱིས་བཟོས་པའི་གཏན་འཇགས་ཀྱི་མི་མེད་སྐྱེལ་འདྲེན་གནམ་གྲུ་ཆེན་པོ་མཁའ་ལམ་དུ་ཚོད་འཕུར་ཐེངས་དང་པོ་ལེགས་གྲུབ་བྱུང་སྟེ། མཚོ་བོད་ས་མཐོ་ནས་སི་ཁྲོན་བར་མི་མེད་གནམ་གྲུའི་ཟོག་འགྲེམས་སྐྱེལ་འདྲེན་གྱི་བགྲོད་ལམ་ཤར་གཏོང་ཐུབ་པ་མཚོན་ཡོད།

    ད་རེས་ཀྱི་མི་མེད་གནམ་གྲུར་ཟ་སྣུམ་དང་། ཇ་ལོ། དཀར་ཆུའི་ཐོན་རྫས་སོགས་བོད་ཀྱི་ཁྱད་ལྡན་ཐོན་ཟོག་བླུགས་ནས་ཁྱོན་ལམ་ཐག་སྤྱི་ལེ་1200ལྷག་ཙམ་འཕུར་ཡོད། མཁའ་འགྲུལ་ལམ་ཐིག་དེས་དུས་ཡུན་རིང་པོར་སྐྱེལ་འདྲེན་གྱི་ནུས་ཕྱོད་ཆུང་བ་དང་། ཉེན་ཁ་ཆེ་བ། སྐྱེལ་འདྲེན་ཡོ་ཆས་རྐྱང་པ་ཡིན་པ་བཅས་ཀྱི་ས་མཐོའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནད་དོན་ཐག་གཅོད་བྱེད་པར་ཇུས་གཞི་གསར་པ་ཞིག་བཏོད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། FP—985“གླང་ཁྱིམ”རྟགས་ཅན་ནི་རང་རྒྱལ་གྱིས་ས་མཐོ་དང་། མཚོ་གླིང་། མཐའ་མཚམས་ས་ཁུལ་སོགས་དམིགས་བསལ་ས་ཁམས་ཁོར་ཡུག་ལ་དམིགས་ཏེ་རང་རྟེན་ཞིབ་སྤེལ་བྱས་པའི་གཏན་འཇགས་ཀྱི་མི་མེད་གནམ་གྲུ་ཆེན་པོ་ཞིག་རེད། དེར་ས་མཐོའི་མཐོ་གྲང་དང་། མཚོ་གླིང་གི་ཚྭ་སྨུག་སོགས་ཁོར་ཡུག་ཤིན་ཏུ་ངན་པའི་ཁྲོད་ཐག་རིང་ལ་དངོས་ཟོག་སྐྱེལ་འདྲེན་གྱི་ནུས་པ་ལྡན་པ་མ་ཟད། ཚད་ལྡན་གནམ་ཐང་གི་བར་ཐག་ཐུང་ས་ནས་འཕུར་འབབ་དང་སྟབས་བདེའི་གནམ་ཐང་ལ་སྐབས་བསྟུན་བཀོད་སྒྲིག་བྱེད་ཆོག་ལ། འཁྱག་འགོག་དང་། ཐོག་འགོག རླུང་འགོག་སོགས་ཀྱི་འགག་རྩའི་བྱེད་ནུས་ལྡན་པས། དུས་དང་རྣམ་པ་ཀུན་ཏུ་བསྟུད་མར་འཕུར་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།