“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷ་ཉིང་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་575སྐྱེལ་འདྲེན་བྱས་པ།
ཉེ་ཆར། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྷ་ཉིང་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་575དང་དངོས་ཟོག་ཏུན་ཁྲི་173.8སྐྱེལ་འདྲེན་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱི་ལྕགས་ལམ་ས་བཀྲ་ཆེ་རུ་མགྱོགས་པོ་བཏང་ནས་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པས། མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། ལྷ་ཉིང་ལྕགས་ལམ་བཅས་ལས་གྲུབ་པའི“Y”གཟུགས་ཀྱི་གཞི་སྒྲོམ་གཙོ་བོ་ཆགས་པ་དང་། འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ནུས་མཆོང་སྐྱོད་ནུས་ལྡན་བྱུང་ཡོད། 2021ལོར་བོད་ཀྱི་ལྕགས་ལམ་འཁོར་སྐྱོད་ལམ་ཐག་སྤྱི་ལེ་1187.8ལྷག་ཙམ་ཟིན་ནས་སྤྱི་ལེ་1000ལས་ཐེངས་དང་པོར་བརྒལ་བ་དང་། 2023ལོར་མཚོ་བོད་ལྕགས་ལམ་ནས་བོད་དུ་འགྲོ་འོང་བྱེད་པའི་འགྲུལ་པ་མི་ཐེངས་ཁྲི་295.9སྐྱེལ་འདྲེན་བྱས་པ་དེ་མེ་འཁོར་ཤར་གཏོང་ཐུབ་ཚུན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་ཡིན་པ། 2025ལོར་བོད་དུ་བཏང་བའི་ཡུལ་སྐོར་མེ་འཁོར་ཐེངས་24ཟིན་པ་དང་། གྲངས་འབོར་དེ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།