དབུ་ཤོག
  • ས་ཆ་འདི་དག་ལ་གངས་ཆེན་པོ་འབབ་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-01-20

    ཟླ་1ཚེས་18ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་མ་འོངས་ཉིན་བཅུའི(ཟླ་1ཚེས་19ནས་28ཉིན་བར)རིང་རང་ལྗོངས་སུ་ཆར་ཆུ་ཐེངས་གསུམ་ཡོད་ཅིང་། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དང་གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་གངས་ཡང་སེ་འབབ་རྒྱུ་མ་ཟད་ཅུང་ཆེ་ཙམ་ཡོད། ཚེས་23ནས་25ཉིན་བར། རྩྭ་མདའ་ནས་གཉའ་ནང་བར་གྱི་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་ཆེན་པོ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ་དང་། ནག་ཆུ་དང་། ཆབ་མདོའི་དབུས་རྒྱུད་དང་བྱང་རྒྱུད། ཉིང་ཁྲི་བཅས་སུ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ། ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། དེའི་རིང་ལྷགས་པ་ཆེན་པོ་རྒྱག་རྒྱུ་ཡིན་ཞིང་། ཟླ་1ཚེས་19ནས་21ཉིན་བར། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ས་ཆ་མང་ཆེ་བ། ཆབ་མདོའི་བྱང་རྒྱུད་ཀྱི་ས་ཆ་ཁག་ལ་ཐོལ་རླུང་རིམ་པ་10ནས་11བར་རྒྱག་རྒྱུ། 

    གནམ་གཤིས་སྟོན་ཚུལ་གཙོ་བོ།

    ཟླ་1ཚེས་19ནས་22ཉིན་བར། མངའ་རིས་དང་། ཉིང་ཁྲི། ཆབ་མདོའི་དབུས་རྒྱུད་བཅས་སུ་གནམ་འཐིབས་ནས་གངས(ཆར་པ)ཡུད་ཙམ་འབབ་རྒྱུ་ཡིན་ཞིང་། དེའི་ནང་མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དང་ཉིང་ཁྲིའི་མེ་ཏོག་གི་ས་བབ་མཐོ་བའི་ས་ཆར་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ས་ཆ་མང་ཆེ་བ། ཆབ་མདོའི་བྱང་རྒྱུད་བཅས་སུ་ལྷགས་པ་རིམ་པ་7ནས་9བར་རྒྱག་རྒྱུ་དང་། ཐོལ་རླུང་རིམ་པ་10ནས་11བར་རྒྱག་རྒྱུ། 

    ཟླ་1ཚེས་23ནས་25ཉིན་བར། མངའ་རིས་དང་གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། རྩྭ་མདའ་ནས་གཉའ་ནང་བར་གྱི་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་ཆེན་པོ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ། ནག་ཆུ་དང་། ཆབ་མདོའི་དབུས་རྒྱུད་དང་བྱང་རྒྱུད། ཉིང་ཁྲི་བཅས་སུ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་། ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ལ་ཁ་ཐོར་རང་བཞིན་གྱི་གངས་ཡུད་ཙམ་འབབ་རྒྱུ། ནག་ཆུ་དང་། མངའ་རིས། གཞིས་རྩེ་བཅས་ཀྱི་ས་བབ་མཐོ་བའི་ས་ཆར་ལྷགས་པ་རིམ་པ་7ནས་8བར་རྒྱག་རྒྱུ།  

    ཟླ་1ཚེས་26ནས་28ཉིན་བར། མངའ་རིས་དང་གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་ཁག་གཅིག་ལ་གངས་ཆེན་པོ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། ནག་ཆུ་དང་། མངའ་རིས། གཞིས་རྩེ་བཅས་ཀྱི་ས་བབ་མཐོ་བའི་ས་ཆར་ལྷགས་པ་རིམ་པ་7ནས་8བར་རྒྱག་རྒྱུ། ས་ཆ་ཁག་གཅིག་ལ་ཐོལ་རླུང་རིམ་པ་9ནས་10བར་རྒྱག་རྒྱུ། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།