དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཡིས“རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོའི”2026ལོའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-20

    ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས། ཝུ་ར་ཀུའེ་ཡིས“རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོའི”2026ལོའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བཞེས་པར་ཀྲུང་གོ་ཕྱོགས་ཀྱིས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག ཝུ་ར་ཀུའེ་ཡི་འགོ་ཁྲིད་འོག“རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོས”མཐུན་སྒྲིལ་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་ནུས་པ་སྲུང་སྐྱོང་བརྟན་པོ། འཕེལ་རྒྱས་ཀྱི་གྲོས་གཞི་ཁག་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བར་ལོག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུཌ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཉིན་ཤས་གོང“རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོས”མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་རྩིས་སྤྲོད་རྩིས་ལེན་མཛད་སྒོ་འཚོགས་ནས་ཝུ་ར་ཀུའེ་ཡིས་2026ལོའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་དངོས་སུ་འཁུར་བར་ཀྲུང་གོ་ཕྱོགས་ལ་དཔྱད་གཏམ་ཅི་ཞིག་ཡོད། 2026ལོའི“རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོའི”ལས་དོན་ལ་རེ་སྒུག་གང་ཞིག་ཡོད་ཅེས་དྲིས།

    ཀུའོ་ཅ་ཁུན་གྱིས། “རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོ”ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པའི་སྲོག་ཤིང་ཀ་རྟེན་ཞིག་ཀྱང་ཡིན་པས། རྒྱལ་སྤྱིའི་ལས་དོན་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་བཞིན་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་དང་། རྒྱལ་ཁབ་77ཚོགས་པ་དང་བློ་བརྟན་འགྱུར་མེད་ཀྱིས་མཉམ་དུ་ལངས་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་ཀྱི་ཡོད་ཅེས་བརྗོད།

    ཀུའོ་ཅ་ཁུན་གྱིས། “ང་ཚོས་ཝུ་ར་ཀུའེ་ཡི་འགོ་ཁྲིད་འོག‘རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོས’མཐུན་སྒྲིལ་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་ནུས་པ་སྲུང་སྐྱོང་བརྟན་པོ། འཕེལ་རྒྱས་ཀྱི་གྲོས་གཞི་ཁག་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བར་ལོག་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།