དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “དུས་རབས་གསར་པ། བརྙན་ཕབ་གསར་པའི”ཀྲུང་ཕྱིའི་མཉམ་འབྲེལ་གསར་རྩོམ་འཆར་གཞི་སྐབས་གསུམ་པ་པེ་ཅིང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “དུས་རབས་གསར་པ། བརྙན་ཕབ་གསར་པའི”ཀྲུང་ཕྱིའི་མཉམ་འབྲེལ་གསར་རྩོམ་འཆར་གཞི་སྐབས་གཉིས་པའི་གྲུབ་འབྲས་འགྲེམས་སྟོན་དང་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོ་པེ་ཅིང་དུ་འཚོགས་ནས། རིག་གནས་ལས་འདས་པའི་བསམ་ཤེས་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བར་བརྙན་ཕབ་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “དུས་རབས་གསར་པ། བརྙན་ཕབ་གསར་པའི”ཀྲུང་ཕྱིའི་མཉམ་འབྲེལ་གསར་རྩོམ་འཆར་གཞི་སྐབས་གཉིས་པ་ནི་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་སོགས་ཀྱིས་གཙོ་གཉེར་བྱས་པ་དང་། དེའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོར་ཕྱོགས་ནས་དངོས་མཚོན་གློག་བརྙན་དང་བརྙན་ཐུང་སོགས་བརྙན་ཕབ་ཀྱི་གདམ་གཞི་དང་གློག་བརྙན་བསྡུ་རུབ་རྒྱ་ཁྱབ་བྱེད་པ་དང་ཆབས་ཅིག བདམས་ཐོན་བྱུང་བའི་རྣམ་གྲངས་ཁག་ལ་གསར་རྩོམ་མཛུབ་ཁྲིད་དང་། ཕབ་བཟོའི་རྒྱབ་སྐྱོར། ཆེད་ལས་གསོ་སྦྱོང་། བརྒྱུད་སྤེལ་ཁྱབ་གདལ་སོགས་ཀྱི་རོགས་སྐྱོར་བྱ་རྒྱུ་དེ་ཡིན་པ་རེད། 2024ལོའི་ཟླ་བདུན་པར་འགོ་ཚུགས་ཚུན་དུ། གསར་རྩོམ་འཆར་གཞི་སྐབས་གཉིས་པར་གོ་ལ་ཧྲིལ་པོའི་གསར་རྩོམ་པས་བསྐུར་བའི་བརྙན་ཕབ་གདམ་གཞི་ཁྱོན་7180འབྱོར་པ་ལས་མཐར་བརྙན་ཕབ་གདམ་གཞི་100བདམས་ནས་གསར་རྩོམ་རོགས་སྐྱོར་བྱས་པ་རེད།

    ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། མིའི་རིགས་ཀྱི་ཤེས་དཔལ་གྱི་པར་དེབ་ཅེས་སུ་གྲགས་པའི་དངོས་མཚོན་གློག་བརྙན་ནི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། གསར་རྩོམ་འཆར་གཞི་བརྒྱུད་ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་རུབ་རྒྱ་ཁྱབ་བྱས་ནས། ཀྲུང་ཕྱིའི་བརྙན་ཕབ་སྤེལ་རེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་ཕྱིའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་རྨང་གཞི་ཡག་པོ་འདིང་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།