ཙོའུ་ཅ་དབྱི་ཡིས་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ཧང་ཀྲང་གི་འགན་འཁུར་རྒྱུ་ཡིན་པ།
ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང(ཨེ་ཤེ་ཡ་མ་འཇོག་དངུལ་ཁང)གིས་ཟླ་1ཚེས་16ཉིན་ཙོའུ་ཅ་དབྱི་ཡིས་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ཧང་ཀྲང་དང་ཏུང་ཧྲི་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་ཁུར་ཏེ། སྒྲིག་གཞིའི་སྣེ་ཁྲིད་ནས་འཕེལ་རྒྱས་དུས་མཚམས་ཀྱི་ལོ་བཅུ་ཐེངས་གཉིས་པར་བསྐྱོད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།
ཙོའུ་ཅ་དབྱི་ཡིས་འགན་བཞེས་ཤིས་ཚིག་སྒྲོན་སྐབས། འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པར་བསྐྱོད་པའི་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གི་ཕྲག་ཐོག་གི་འགན་འཁྲི་སྔར་བས་ལྕི་རུ་སོང་ཡོད། གོ་ལ་ཧྲིལ་པོའི་ཐུན་མོང་འགྲན་སློང་གི་མདུན་དུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཚེ་གཞི་ནས་ཁ་གཏད་ནུས་ལྡན་གཅོག་ཐུབ། རྒྱལ་སྤྱིའི་མཉམ་ལས་དང་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་བརྒྱུད། སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞིང་། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ལ་ཕུགས་འདུན་དེ་འགྲུབ་པའི་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད་ཅེས་བརྗོད།
ཁོང་གིས་ཁོངས་མི་ཚོས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཁོངས་མི་དང་མཉམ་ལས་རོགས་ཟླ་ཁག་དང་མཉམ་ལས་དམ་ཟབ་བྱས་ཐོག་དངོས་སྒྲུབ་བྱ་སྤྱོད་ལ་བརྟེན་ནས་རྣམ་གྲངས་སྔར་བས་མང་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་ཕན་འབྲས་དང་ས་ཁུལ་གྱི་མཉེན་གཤིས་ཆེ་རུ་བཏང་ནས། ཐུན་མོང་ཐོག་དེ་བས་ལྗང་མདོག་དང་དེ་བས་དར་རྒྱས་ཀྱི་འབྱུང་འགྱུར་གཏོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།