ཅི་ལིན་སུང་ཡོན་གྱིས་ཞིང་ལས་དེང་རབས་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ།
སོ་ནམ་ལས་ལ་མཁས། ཐབས་རྩལ་གསར་པ་མང་།
གྲང་རླུང་འུར་འུར་དུ་ལྡང་ཡང་ཅི་ལིན་སུང་ཡོན་ཆན་ཨན་རྫོང་གི་ཏ་ཞ་འབྲོག་ར་ནས་ཞིང་འཕྲུལ་གྱི་ལྡིར་སྒྲ་ཡང་ཡང་གྲགས།
“ལི་ཀོང་། མགྱོགས་པོ་ཁྱིམ་དུ་ཁ་ལག་བཟའ་བར་ཤོག གནམ་གཤིས་གྲང་མོ་དེ་འདྲར་གང་ཞིག་བྱེད་ཀྱི་ཡོད་དམ”ཞེས་གསོ་ཚགས་པ་ཧན་ལི་ཅུན་གྱིས་བཤད།
གཅུང་པོ་ཧན་ལི་ཀོང་གིས་ཞིང་འཕྲུལ་སྟེང་ནས“རྨོ་ཞིང་ས་སློག་བརྒྱབ་ཚར་སོང་། ཞིང་འཕྲུལ་ལ་ཉམས་བཟོ་ཡག་པོ་བྱས་ཏེ་དཔྱིད་རྨོད་ལ་གྲ་སྒྲིག་བྱེད་ཀྱི་ཡོད”ཅེས་བཤད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གྲོས་འགོའི》ནང་། “ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་འབྲས་ཆེ་རུ་གཏོང་དགོས”དང“ཞིང་ལས་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་སྐྲུན་དགོས”ཞེས་བཏོན་ཡོད།
དེའི་ཐད་གཅེན་གཅུང་གཉིས་པོར་མྱོང་ཚོར་ཟབ་མོ་ཡོད་ཅིང་། “ལོ་ལེཌ་བྱུང་བ་ནི་ལས་སླ་པོ་ཞིག་མིན” ཧན་ལི་ཅུན་གྱིས་དེ་སྔ་ཆན་ཨན་རྫོང་གི་རྨོ་ཞིང་ལ་ཆུ་དཀོན་པ་མ་ཟད། ས་རྒྱུ་བ་ཚྭ་ཅན་ཚབས་ཆེན་པོ་ཡོད་པ་ངེས་ཀྱི་ཡོད།
“ཐོན་འཕར་འབབ་འཕར་ཡོང་འདོད་ན། ང་ཚོའི་ཞིང་ར་རྙིང་པ་དེར་ཐབས་ལམ་གསར་པ་ཞིག་གཏོད་དགོས”ཞེས་ཏ་ཞ་འབྲོག་རའི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིའུ་ཆི་ལེ་ཡིས་བཤད།
འགྱུར་ལྡོག་ནི་ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་བ་ལས་བྱུང་བ་ཞིག་རེད། སུང་ཡོན་གྲོང་ཁྱེར་གྱི་སྣེ་ཁྲིད་འོག ཏ་ཞ་འབྲོག་ར་དང་ཅི་ལིན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གིས་མཉམ་ལས་བྱས་ཏེ་སྐམ་ཤས་ཆེ་བ་དང་བ་ཚྭ་ཅན་གྱི་ས་ཁུལ་ལ་འཚམ་པའི་ཆུ་ལུད་གཞི་གཅིག་ཅན་གྱི་ཐོན་སྐྱེད་དང་ཕན་འབྲས་ཆེ་རུ་གཏོང་བའི་ལག་རྩལ་ནང་འདྲེན་བྱས་ཡོད། ལུད་ལ་ཆུ་བརྒྱབ་སྟེ་ས་རྒྱུར་ཆུ་ལུད་མི་འདང་བའི་གནས་ཚུལ་ལ་གཞིགས་ནས་ལོ་ཏོག་ལ་ཐིགས་ཆུ་བཏང་ཞིང་། ས་ཞིང་ལ་ལུད་ཆུ་འདང་ངེས་བརྒྱབ་ན་ལོ་ཏོག་གི་སྙེ་མ་ཆེ་བ་མ་ཟད་ཐོན་འབབ་ཆེན་པོ་དང་ཐན་འགོག་གི་ནུས་པའང་ཆེ་རུ་འགྲོ་གི་རེད”ཅེས་ཧན་ལི་ཀོང་གིས་བཤད།
ཞིང་ཁ་འདེབས་མཁས་ལ་ཐབས་རྩལ་གསར་པ་མི་ཉུང་བ་ཞིག་ཀྱང་ཁོང་དུ་ཆུད་ཅིང་། ཧན་ལི་ཀོང་ཞིང་རའི་ཞིང་འཕྲུལ་གཏོང་མཁན་ལ་གདན་ཞུ་བྱས་ནས་གསོ་སྦྱོང་ནང་ཞུགས་རྗེས། ད་ཆ་ཁོང་དཔྱིད་རྨོད་སོན་འདེབས་འཕྲུལ་འཁོར་དང་སྟོན་བསྡུའི་འཕྲུལ་འཁོར་སོགས་ཞིང་འཕྲུལ་གྱིས་བཀོལ་སྤྱོད་བྱེད་མཁས་པར་གྱུར་ཡོད། “ས་སློག་རྒྱག་པར་ཆ་མཚོན་ན་ཉིན་གཅིག་ལ་ཞིང་འཕྲུལ་གྱིས་ས་ཞིང་མུའུ་ལྔ་བརྒྱ་དྲུག་བརྒྱ་ཙམ་ས་སློག་རྒྱག་ཐུབ” ཧན་ལི་ཅུན་གྱིས་ས་ཞིང་ཞིང་རར་ནང་བཤུག་བཏང་རྗེས། ལུག་གསོ་བའི་ལག་རྩལ་སྦྱངས་པ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཡོང་གི་ཡོད་ཅིང་། ད་ཆ་ལས་རིགས་གཅིག་པ་ཚོ་དང་སྐྱེ་ཁམས་གསོ་ཚགས་བྱེད་སྟངས་ཞིབ་འཇུག་བྱེད་བཞིན་ཡོད།
2025ལོའི་སྟོན་བསྡུའི་སྐབས། ཏ་ཞ་འབྲོག་རའི་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་སྤྱད་པའི་མ་རྨོས་ལོ་ཏོག་ཆ་སྙོམས་མུའུ་རེའི་ཐོན་ཚད་རྒྱ་མ་1200ནས་1600བར་མང་དུ་ཕྱིན་པ་དང་ལུད་སྤྱོད་ཚད་30%མཐོ་རུ་ཕྱིན་ཡོད། དེས་མ་ཚད་ལག་རྩལ་ལོ་3བསྟུད་མར་སྤྱད་རྗེས་ས་རྒྱུའི་མཐུག་ཚད་ལི་སྨི་30བར་འཕར་ཡོད་པ་རེད།
ཅི་ལིན་ཞིང་ཆེན་གྱིས་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་གཏོང་རྒྱུ་དེ་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཏུ་བརྩི་བ་དང་། 2025ལོའི་ཟླ་10པའི་བར་ཅི་ལིན་ཞིང་ཆེན་གྱི“ཆུ་ལུད་གཞི་གཅིག་ཅན་དང་ཞིབ་འདེབས་ཟུང་འབྲེལ”གྱི་ལག་རྩལ་ཁྱབ་གདལ་བཏང་ཚད་མུའུ་ཁྲི་1138ཟིན་ཡོད་པ་རེད།
“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་ཞིང་ལས་དེང་རབས་ཅན་ལ་མུ་མཐུད་སྐུལ་འདེད་བཏང་ནས། འབྲུ་རིགས་ཐོན་འབབ་བརྟན་པོ་དང་ཡག་པོ་ཡོང་བའི་འགན་ལེན་བྱས་ཏེ་ཞིང་པའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་འགྱུར་བར་བྱེད་ཀྱི་ཡིན”ཞེས་སུང་ཡོན་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཧུང་ཝེ་ཡིས་བཤད།
འབྲེལ་ཡོད་གསར་འགྱུར།