བུ་བཙར་སྲིད་ཇུས་ཀྱིས་གཡས་གཞོགས་གཡོན་འདེགས་བྱེད་པ།
པེ་དབྱི་ཧྥེ།
བུ་གསོའི་ཁ་གསབ་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྗེས། ཉེ་ཆར། ས་ཆ་མང་པོ་ཞིག་གིས་སྦྲུམ་མའི་བརྟག་དཔྱད་གྲོན་དངུལ་འགན་སྲུང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ཚོད་ལྟའི་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་སྦྲུམ་མ་མི་སྒེར་གྱིས་གྲོན་དངུལ་སྤྲོད་མི་དགོས་པ་སྤྱིར་ན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་ལས་བུ་བཙའི་ཁུར་པོ་ཡང་དུ་ནུས་ལྡན་ཕྱིན་ཡོད་པ་རེད།
བུ་བཙའི་ཕྱོགས་གཅིག་ནི་ཁྱིམ་ཚང་ཁྲི་སྟོང་དང་འབྲེལ་བ་ཡོད་པ་དང་། ཕྱོགས་གཞན་ཞིག་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད།
སྲིད་ཇུས་ཀྱིས་ཐ་སྐྱོང་ནས་བུ་བཙར་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད། ཀུན་ཕན་གསོ་བཅོལ་དང་བུ་བཅོལ་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་བཏང་སྟེ། བུ་བཅོལ་ཁང་དུ་འགྲོ་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་བ་ནས་སློབ་ཞུགས་གོང་གི་རིན་མེད་སློབ་གསོ་རིམ་བཞིན་ཁྱབ་གདལ་གཏོང་བ་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་དེ་བས་དོ་སྙོམས་ཡོང་བའི་བར་དང་། དེ་ནས་བུ་ཕྲུག་མང་བའི་ཁྱིམ་ཚང་གིས་ཁང་པ་ཉོ་བ་དང་ཁང་པ་གླ་བར་གཟིགས་སྐྱོང་ཡོད་པའི་བར་སོགས་མི་སེར་གྱི་དཀའ་གནད་ལ་སྲིད་ཇུས་ཀྱིས་སྔོན་ལ་བསམ་བློ་བཏང་སྟེ། མ་འཇོག་མི་ཐོག་ཏུ་འཁྱོལ་བ་དང་དམངས་ལ་བདེ་སྐྱིད་སྐྲུན་གང་ཐུབ་བྱེད་ཀྱི་ཡོད།
བུ་བཙར་མཐུན་འཕྲོད་བྱུང་བ་ནས་སྲིད་ཇུས་གནད་ལ་འཁེལ་ཚད་མཚོན་ལ། སྤྱི་ཚོགས་ཀྱི་དྲོ་སྐྱིད་ཀྱང་མཚོན་གྱི་ཡོད། བུ་བཙའི་ངལ་གསོ་དང་བུ་གསོའི་ངལ་གསོ་སོགས་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་པ་དང་། སྲོལ་རྙིང་དང་གོམས་ངན་དོར་ནས་གཞོན་ནུ་ཚོར“གཉེན་སྒྲིག་གྲོགས་སྒྲིག་གི་ཁུར་པོ”ཡང་དུ་གཏོང་བ་སོགས་དར་སྲོལ་གསར་པའི་ནང་སྤྱོད་བཟང་རྒྱུན་འཛིན་བྱས་ཡོད་ལ། མི་ལ་དེ་བས་བརྩི་འཇོག་བྱས་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རང་རྒྱལ་གྱིས་མི་ཚོགས་ཡོངས་དང་ཚེ་སྲོག་ཀུན་ལ་ཁྱབ་པའི་མི་འབོར་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། དགེ་མཚན་ལྡན་པའི་སྲིད་ཇུས་དེ་བས་མང་བ་བཏོན་པ་དང་བསྟུན་ནས། བུ་བཙར་མཐུན་འཕྲོད་ཅན་གྱི་སྤྱི་ཚོགས་ཤིག་རིམ་བཞིན་ཆགས་ཏེ་ཁྱིམ་ཚང་མང་པོར་བདེ་སྐྱིད་ཆེན་པོ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད།
འབྲེལ་ཡོད་གསར་འགྱུར།