དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་སྤྱི་བདེས་བསླུ་འགོག་གི་གཅིག་སྡུད་ཉེན་བརྡ་དང་ལེན་གྱི་དངུལ་བཀག་ལམ་སྲོལ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-20

    གསར་འགོད་པར་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། གློག་འཕྲིན་དྲ་རྒྱའི་ཁ་བསླུས་དབང་གིས་མང་ཚོགས་ལ་རྒྱུ་ནོར་གྱི་གྱོང་གུན་ཕོག་ཚབས་ཆུང་དུ་གཏོང་གང་ཐུབ་བྱ་ཆེད། “པེ་ཅིང་110”ལས་སྟེགས་ཀྱིས་ཉེན་བརྡ་དང་ལེན་དང་གྱོད་དོན་སྙན་སེང་དང་དེ་བཞིན་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་ལས་དོན་མཉམ་འདྲེས་གཏིང་ཟབ་བྱས་ནས། བསླུ་འགོག་གི་གཅིག་སྡུད་ཉེན་བརྡ་དང་ལེན་གྱི་དངུལ་བཀག་ལམ་སྲོལ་བཙུགས་ཡོད། ལམ་སྲོལ་དེས་རིག་ནུས་ཅན་གྱི་མ་ལག་ལ་བརྟེན་ནས་ཁ་བསླུས་དང་འབྲེལ་བའི་ཉེན་ཟོན་གནས་ཚུལ་ལ་གཅིག་སྡུད་བདག་སྤྲོད་དང་ཛ་དྲག་གི་དངུལ་བཀག་བྱེད་ཐབས་སྤྱོད་ཐུབ་པ་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། “པེ་ཅིང་110”ལས་སྟེགས་དེ་སྲོལ་རྒྱུན་གྱི་ཁ་པར་ཐོག་ནས་གྱོད་དོན་སྙན་སེང་ཞུ་བ་ནས་ཁ་པར་དང་། འཕྲིན་ཐུང་། དྲ་སྦྲེལ་བཅས་གཞི་གཅིག་ཏུ་འདུས་པའི་གྱོད་དོན་སྙན་སེང་ཞུ་བའི་རིག་ནུས་ཅན་གྱི་གྱོད་དོན་སྙན་སེང་གི་ལས་སྟེགས་སུ་བསྒྱུར་ཡོད། ཉེན་བརྡ་དང་ལེན་བྱེད་པའི་དུས་ཚོད་རྒྱུན་མཐུད་ཐུང་དུ་ཕྱིན་ནས་ཉེན་ཟོན་གནས་ཚུལ་གཙོ་བོ་ཐག་གཅོད་ཀྱི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 2025ལོར་ལས་སྟེགས་ཀྱིས་ཉེན་བརྡ་དང་ལེན་དང་ཐག་གཅོད་མ་ལག་3.0པར་གཞི་སྔར་བས་བཏོན་ནས། ཉེན་ཟོན་གནས་ཚུལ་རང་འགུལ་གྱིས་རིགས་དབྱེ་བྱེད་པ་དང་། གནད་སྨིན་ངང་ལས་འགན་བགོ་བ། ཉེན་ཁའི་སྔོན་ཚུད་ཉེན་བརྡ་གཏོང་བ་སོགས་ཀྱི་ནུས་པ་མངོན་འགྱུར་བྱུང་བ་མ་ཟད། གྱོད་དོན་སྙན་སེང་གི་འགག་རྩའི་ཆ་འཕྲིན་མགྱོགས་མྱུར་ཤེས་རྟོགས་བྱས་ནས“མགྱོགས་མྱུར་དང་ལེན་དང་ནུས་ཆེ་ཐག་གཅོད”མངོན་འགྱུར་ཡང་བྱུང་ཡོད། 2025ལོར། མང་ཚོགས་ཀྱིས་སྤྱི་བདེ་ལས་ཁུངས་སུ་གྱོད་དོན་སྙན་སེང་ཞུ་བ་དང་མངགས་གཏོང་ཁང་ལ་ཁ་པར་བརྒྱབ་ནས་གྱོད་དོན་སྙན་སེང་ཞུ་བ་སོགས་ཁུངས་མང་གི་གྱོད་དོན་སྙན་སེང་ཞུ་བའི་ཚད་ལྡན་དོ་དམ་ནང་ཐོག་མར་བཅུག་སྟེ། ཉེན་དོན་ལམ་སྲོལ་གྱི་སྒྱུར་བཅོས་ཕན་འབྲས་དེ་མང་ཚོགས་ཀྱི་ཐོབ་སྣང་དུ་ཏན་ཏིག་འགྱུར་བར་བྱས་ཡོད།

    དེ་དང་ཆབས་ཅིག “པེ་ཅིང་110”ལས་སྟེགས་ཀྱིས་སྡེ་ཚན་མང་པོ་དང་མཐུན་སྦྱོར་མཉམ་འགུལ་དང་ལྷག་པར་དུ་12345ཡི་གྲོང་མིའི་ཐད་སྦྲེལ་ཁ་པར་ཞབས་ཞུའི་ལྟེ་གནས་དང་སྦྲེལ་མཐུད་མཉམ་འདྲེས་རྒྱུན་མཐུད་གཏིང་ཟབ་བྱས་ཡོད། ཕྱོགས་གཉིས་པོས་ཕན་ཚུན་མི་མངགས་ནས་ཕ་རོལ་གྱི་ལས་དོན་ཁང་དུ་བསྐྱོད་ནས་དངོས་ཚན་ཅན་གྱི་མཉམ་འབྲེལ་ལས་དོན་སྤེལ་ཏེ། ཆ་འཕྲིན་སྤེལ་རེས་དང་མཐུན་སྦྱོར་ཐག་གཅོད་ཀྱི་ནུས་པ་ཆེ་རུ་བཏང་ནས་ཉེན་དོན་རིགས་མིན་པའི་གྱོད་དོན་སྙན་སེང་མགྱོགས་མྱུར་གཞན་དུ་སྐྱེལ་རྒྱུར་རམ་འདེགས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།