དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྙན་ངག་ཕྱོགས་བསྒྲིགས《ཚེ་སྲོག་ས་མཐོ》ཡི་པར་ཕུད་ལྷ་སར་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-20

    བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ལིའུ་ཤོན་གྱི་བརྩམས་ཆོས་གསར་པ《ཚེ་སྲོག་ས་མཐོ》ཡི་པར་ཕུད་འགྲེམས་སྤེལ་མཛད་སྒོ་ལྷ་སར་འཚོགས་པ་རེད།

    སྙན་ངག་ཕྱོགས་བསྒྲིགས《ཚེ་སྲོག་ས་མཐོ》དེ“ལེའུ་གསུམ”ལ་ཕྱེ་ནས་ས་ཁམས་ཀྱི་ཁྱད་ཚོར་དང་། རིག་གནས་ཟབ་ཚད། ཚེ་སྲོག་གི་ཁྱད་ཆོས་བཅས་ཕྱོགས་བསྡུས་བྱས་པ་ལས་གངས་ལྗོངས་རྩོམ་རིག་གི་རྣམ་པ་ཞིག་གྲུབ་ཡོད། བརྩམས་ཆོས་དེ་ཇོ་མོ་གླང་མ་དང་ཧི་མ་ལ་ཡའི་རི་རྒྱུད་སོགས་བརྗིད་ཉམས་ལྡན་པའི་རང་བྱུང་མཛེས་ལྗོངས་ནས་སྤོས་དང་ལྷ་མོ་སོགས་མངོན་མིན་རིག་གནས་ཤུལ་བཞག་དང་དམངས་སྲོལ་གོམས་གཤིས་བར་དང་། དེ་ནས་བོད་སྐྱོར་བྱེད་མཁན་དང་ས་མཐོའི་འཐབ་འཛིང་པ་བཅས་ཀྱི་ཚེ་སྲོག་གི་རྗེས་ཤུལ་བཅས་ཀྱི་ནང་དོན་བྲིས་ནས་མཐར་ལང་ཚོ་དང་། བརྟན་སྲུང་། ཚེ་སྲོག་གི་རིན་ཐང་བཅས་ལ་བསམ་གཞིག་གཏིང་ཟབ་ཀྱིས་ཡིག་ཕྲེང་དང་ཡིག་འབྲུ་རེ་རེ་ནས་ས་ཆ་འདིར་བཅངས་པའི་ལྷག་བསམ་དང་དགའ་ཞེན་མངོན་པར་བྱས་ཡོད།

    པར་ཕུད་འགྲེམས་སྤེལ་གྱི་མཛད་སྒོ་སྤེལ་ཡུལ་དུ་ལིའུ་ཤོན་གྱིས་རང་ཉིད་ཀྱི་སྙན་ངག་གསར་རྩོམ་གྱི་མྱོང་ཚོར་མཉམ་སྤྱོད་བྱས་པ་མ་ཟད། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ལ་སྙན་ངག་ཕྱོགས་བསྒྲིགས《ཚེ་སྲོག་ས་མཐོ》ཞེས་པ་ཞལ་འདེབས་བརྒྱབ་ནས་ས་ཡུལ་དངོས་ཀྱི་ཀློག་པ་པོར་མིང་རྟགས་བཀོད་པའི་དཔེ་དེབ་ཀྱང་སྤྲད་པ་རེད།

    ད་ཐེངས《ཚེ་སྲོག་ས་མཐོ》པར་སྐྲུན་བྱས་པ་དེས་བོད་ཀྱི་རྩོམ་རིག་བང་མཛོད་ལ་གཟི་བརྗིད་གསར་པ་བསྣན་པ་མ་ཟད། དེ་བས་མི་མང་པོ་ཞིག་ལ་ས་མཐོའི་ངོ་མཚར་དང་བོད་ཀྱི་བརྩེ་བ་ཟབ་མོ་ཤེས་རྟོགས་བྱེད་པའི་གོ་སྐབས་ཀྱང་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།