དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “བོད་དུ་ང་ལ་ཤིང་སྡོང་ཞིག་ཡོད”ཅེས་པར་རྒྱལ་ཁབ་རིམ་པའི་ལོ་འཁོར་གྱི་ཕུལ་བྱུང་དགེ་སྒྲུབ་རྣམ་གྲངས་ཀྱི་མཚན་སྙན་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-20

    ཉེ་ཆར། 《ཀྲུང་གོའི་དགེ་སྒྲུབ་པ》ཡིས་གཙོ་གཉེར་བྱས་པའི“འདུས་འགྱུར་གྱི་བཀྲག་མདངས”2025ལོའི་ལོ་་འཁོར་གྱི་དགེ་སྒྲུབ་མཛད་སྒོ་གཟབ་རྒྱས་དེ་ཀྲུང་གོ་སུང་ཆིང་ལིང་གཞོན་ནུ་ལོ་ཆུང་ཚན་རྩལ་རིག་གནས་སྤེལ་རེས་ལྟེ་གནས་ཀྱི་འབྱུང་འགྱུར་ཟློས་གར་ཁང་དུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་བཏོན་པའི“བོད་དུ་ང་ལ་ཤིང་སྡོང་ཞིག་ཡོད”ཅེས་པའི་རྣམ་གྲངས་ལ“ལོ་འཁོར་གྱི་ཕུལ་བྱུང་རྣམ་གྲངས”ཀྱི་མཚན་སྙན་ཐོབ་ཡོད།

    ཀྲུང་དབྱང་སྨྱན་སྦྱོར་ཁོངས་གཏོགས་ཀྱི་སྤྱི་ཕན་དགེ་སྒྲུབ་ཁྱབ་ཁོངས་ཀྱི་ཆེད་ལས་སྨྱན་སྦྱོར་འབའ་ཞིག་ཡིན་པའི《ཀྲུང་གོའི་དགེ་སྒྲུབ་པ》ཞེས་པས་2020ལོའི་ཚུན་ལོ་ལྔ་བསྟུད་མར་ལོ་འཁོར་གྱི་མིང་གྲལ་ཁྱབ་བསྒྲགས་བྱས་ཏེ། དགེ་སྒྲུབ་སྤྱི་ཕན་གྱི་བྱ་གཞག་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་ཕུལ་བྱུང་ཚོགས་པ་དང་མི་སྒེར་འདེམས་སྒྲུག་བྱས་ནས་གཟེངས་བསྟོད་བྱས་ཡོད། ད་ཐེངས་ཀྱི“བོད་དུ་ང་ལ་ཤིང་སྡོང་ཞིག་ཡོད”ཅེས་པའི་རྣམ་གྲངས་ཀྱིས་སྤྱི་ཕན་གྱི་དམིགས་ཚད་གསལ་བ་དང་། རྒྱུན་མཐུད་ཆོག་པའི་འཁོར་སྐྱོད་རྣམ་པ།མངོན་གསལ་དོད་པའི་སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ལ་བརྟེན་ནས་དཔྱད་ཞིབ་རིགས་གཅིག་མཁས་ཅན་གྱི་གདེང་འཇོག་མགྲིན་གཅིག་ཏུ་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “བོད་དུ་ང་ལ་ཤིང་སྡོང་ཞིག་ཡོད”ཅེས་པའི་རྣམ་གྲངས་ནི་བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་ལག་བསྟར་བྱས་པ་ཞིག་ཡིན་ཞིང་། དེའི་ལྟེ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་ས་མཐོའི་སྐྱེ་ཁམས་འཛུགས་སྐྲུན་ནང་ཞུགས་པར་སྐུལ་སློང་བྱས་ཏེ། ཤིང་འཛུགས་ནགས་བཟོ་བརྒྱུད་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པར་རམ་འདེགས་བྱེད་ཆེད་རེད། རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཚུན་རྒྱལ་ཡོངས་ཀྱི་གཅེས་སེམས་ཁེ་ལས་དང་། ཚོགས་པ། མི་སྒེར་བཅས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་ནས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་མངོན་པ་དང་སྤྱི་ཕན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།