དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱིས་2026ལོའི་ལོ་འཁོར་གྱི་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་རོགས་དངུལ་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-20

     གསར་འགོད་པར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། 《རིམ་པ་འབྲིང་སྟོད་ཡན་གྱི་ནུས་པ་ཉམས་པའི་རྒན་རྒོན་ལ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཀྱི་ཁ་གསབ་རྣམ་གྲངས་ཁྱོན་ཡོངས་ནས་སྤྲོད་རྒྱུའི་སྐོར་གྱི་དམངས་སྲིད་པུའུ་གཞུང་དོན་ཐིང་དང་ནོར་སྲིད་པུའུ་གཞུང་དོན་ཐིང་གི་བརྡ་ཐོའི》དགོངས་དོན་དང་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ནོར་སྲིད་སྡེ་ཚན་དང་མཉམ་དུ་ལོ་འཁོར་འདིའི་རྣམ་གྲངས་ཀྱི་ཁ་གསབ་མ་དངུལ་གྱི་སྔོན་རྩིས་དམིགས་ཚད་ཁྱོན་སྒོར་ཁྲི་1450གྲོང་ཁྱེར་དང་། ས་ཁུལ། ཐད་གཏོགས་རྫོང(གྲོང་ཁྱེར)བཅས་ཁག་སོ་སོར་སྤྲད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གིས་མཉམ་དུ《2026ལོའི་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་རོགས་དངུལ་གཤམ་སྤྲོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་འབྲེལ་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། ཆེད་སྤྱོད་མ་དངུལ་ཚོད་སྐོར་གཏན་འཁེལ་བྱས་པའི་རིམ་པ་འབྲིང་ཡན་གྱི་ནུས་ཤོར་རྒན་རྒོན་ཐད་སྤྱད་དེ་ནུས་ཤོར་རྒན་རྒོན་གྱི་ལྟ་སྐྱོང་ཞབས་ཞུའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཆེ་རུ་བཏང་སྟེ་རྒན་གསོའི་ཞབས་ཞུའི་འགན་ལེན་གྱི་དགོས་མཁོ་སྐོང་རྒྱུ་ཡིན་པ་གསལ་པོ་བཟོས་ཡོད།

    ཚོགས་འདུའི་ཐོག་ཁ་གསལ་བཏོན་དོན། རྣམ་གྲངས་དེའི་མ་དངུལ་གཏོང་སྒོ་རིམ་པ་འབྲིང་ཡན་གྱི་ནུས་ཤོར་རྒན་རྒོན་གྱི་རྒན་གསོའི་ཞབས་ཞུའི་རྣམ་གྲངས་ཁོ་ནར་སྤྱོད་རྒྱུའི་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ཁ་གསབ་སྤྲོད་ཡུལ་གྱི་ཐོབ་ཐང་དང་འཛད་སྤྱོད་བྱ་སྤྱོད་ལ་ཞིབ་དཔྱད་དག་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཉོ་ཚོང་རྫུས་མ་དང་ཁ་གསབ་གཡོ་ལེན་སོགས་སྒྲིག་འགལ་བྱེད་སྤྱོད་ཐོན་སྲིད་པར་འགོག་ཟོན་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། དུས་མཚུངས་རིམ་ཁག་ནོར་སྲིད་སྡེ་ཚན་དང་དམངས་སྲིད་སྡེ་ཚན་གྱིས་ཁ་གསབ་མ་དངུལ་ལ་འཁོར་འབྲེལ་ཧྲིལ་པོའི་གདུབ་ཟུམ་ལྟ་འདོམས་བྱས་ཏེ་མ་དངུལ་འཐེན་སྤྱོད་དང་གཞན་སྤྱོད་བྱེད་རིགས་ལ་སྔོན་འགོག་ནན་པོ་བྱས་ནས་མ་དངུལ་དུས་ཐོག་ཏུ་འདང་ངེས་གཏོང་སྤྲོད་དང་མཇུག་རྩིས་རྒྱག་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།