དབུ་ཤོག
  • དོ་སྣང་གནང་རོགས། ལམ་དུམ་འདི་དག་བཀག་རྩིས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-01-19

    2026ལོའི་ཟླ་1ཚེས་14ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། གཅིག་སེམས་གཅིག་སྦྲེལ་ཟམ་པར་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པ་དང་བཀག་སྡོམ་བྱེད་རིང་འཁོར་རིགས་སོགས་སྐྱོད་ཆོག་གི་མེད་པ་རེད། 

    གནས་ཚུལ་ཞིབ་ཕྲ་གཤམ་གསལ། 

    གཅིག བཀག་སྡོམ་གྱི་དུས་ཚོད། 

    2026ལོའི་ཟླ་1ཚེས་16ཉིན་གྱི་ཆུ་ཚོད20:00ནས་2026ལོའི་ཟླ་1ཚེས་17ཉིན་གྱི་ཆུ་ཚོད་08:00བར་རེད།

    གཉིས། བཀག་སྡོམ་གྱི་ཁྱབ་ཁོངས། 

    གཅིག་སེམས་གཅིག་སྦྲེལ་ཟམ་པའི་འཕྲུལ་སྒུལ་འཁོར་རིགས་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས། མི་བཅས་ཀྱི་ལམ་བུ་རེད།

    གསུམ། ཤ་ཚའི་དྲན་སྐུལ།

    ཟམ་པ་དེ་ནས་འགྲོ་འོང་བྱེད་མཁན་ཚོས་ཉེ་འཁོར་གྱི་ལམ་བུ་གཞན་དག་ནས་སྐྱོད་དགོས་ཤིང་། འགྲིམ་འགྲུལ་མཚོན་རྟགས་ལ་བལྟས་ནས་འགྲོ་དགོས་པ་དང་ས་གནས་ས་ཐོག་གི་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལ་རང་འགུལ་ངང་བརྩི་སྲུང་ཞུས་ཏེ་འགྲོ་སྐྱོད་བདེ་འཇགས་ཡོང་བ་བྱེད་དགོས། 

    གཞན་ཡང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོའི་ཟླ་1ཚེས་9ཉིན་ནས་ཟླ་10ཚེས་30ཉིན་བར། པེ་ཅིང་ནུབ་ལམ(དར་རྒྱས་བདེ་སྡོད་གླིང་ནས་བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང)བཀག་ནས་ཨར་ལས་བྱ་རྒྱུ་རེད།

    ནུབ་ནས་ཤར་དུ་འགྲོ་མཁན་གྱིས་ལྷ་གོང་ལམ་ཆེན་བརྒྱུད་སྣེའུ་ཤར་ལམ་ནས་གྲོང་སྐོར་ལྷོ་ལམ་དུ་སྐྱོད་དགོས།

    ཤར་ནས་ནུབ་ཏུ་འགྲོ་མཁན་གྱིས་རྔ་ཆེན་ཟམ་ཆེན་ནས་ལྷོ་སྐོར་ལམ་བརྒྱུད་དེ་སྐྱོད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།