དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་བཅུ་གསུམ་བསྟུད་མར་རང་རྒྱལ་གོ་ལ་ཧྲིལ་པོའི་དྲ་རྒྱའི་སིལ་ཚོང་ཁྲོམ་ར་ཆེ་ཤོས་སུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-19

    ཉེ་ཆར་འཚོགས་པའི་རྒྱལ་ཡོངས་དྲ་ཐོག་ཚོང་དོན་ལས་དོན་ཚོགས་འདུའི་ཐོག་ཚོང་དོན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་རྒྱལ་གྱིས་དྲ་ཐོག་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས་གྲངས་འཛིན་འཛད་སྤྱོད་ཀྱི་སྤྱི་ཡོངས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་23.8ལྷག་ཙམ་ཟིན་ནས་ལོ་བཅུ་གསུམ་བསྟུད་མར་གོ་ལ་ཧྲིལ་པོའི་དྲ་རྒྱའི་སིལ་ཚོང་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་རྒྱལ་གྱིས་གྲངས་འཛིན་འཛད་སྤྱོད་དང་། གྲོང་གསེབ་ཀྱི་དྲ་ཚོང་། རྒྱལ་སྒྲོལ་དྲ་ཚོང་སོགས་ལ་དམིགས་ཏེ། སྲིད་ཇུས་ཡིག་ཆ་རབ་དང་རིམ་པ་བཏོན་ནས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། གྲངས་འཛིན་དང་དངོས་ཚན་དཔལ་འབྱོར་ཟམ་མི་ཆད་པར་མཉམ་འདྲེས་བྱེད་ཟབ་ཏུ་བཏང་བ་དང་། ཐོན་ལས་དྲ་ཚོང་གི་སྦྲེལ་མཐུད་བྱེད་སྒོ་ཐེངས་1500ལྷག་ཙམ་སྤེལ་བར་ཁེ་ལས་ཁྲི་ཙམ་ལ་ཁྱབ་ནས་སྲོལ་རྒྱུན་ཐོན་ལས་རིམ་སྤོར་ལ་མཐུན་རྐྱེན་སྦྱར་བ་དང་དྲ་ཐོག་དྲ་ཕྱིའི་མཉམ་འགུལ་དང་ཕན་ཚུན་སྐུལ་འདེད་གཏོང་བར་རམ་འདེགས་བྱས་ཡོད། “དར་གོས་ལམ་བུའི་དྲ་ཚོང”གི་རོགས་ཟླའི་རྒྱལ་ཁབ་36བར་འཕར་ནས་སྔོན་སྐྱོད་ཁུལ་འཛུགས་གཏོད་ཀྱི་ལས་འགན་ལ་བདེ་བླག་ངང་སྐུལ་འདེད་བཏང་ཡོད། སྤྱི་ཚོཌ་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། འབྲེལ་ཡོད་ལས་ཞུགས་ཀྱི་མི་གྲངས་ཁྲི་7800ལྷག་ཙམ་ཟིན་པ། མྱུར་སྐྱེལ་ལས་སྒོའི་གྲངས་འབོར་ལོ་རེར་20%ཙམ་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ། སྤྲིན་རྩིས་དང་གྲངས་གཞི་ཆེན་པོ་སོགས་འབྲེལ་ཡོད་མཉེན་ཆས་ཀྱི་ཆ་འཕྲིན་ཞབས་ཞུའི་ལས་རིགས་ཀྱི་གཞི་ཁྱོན་མགྱོགས་མྱུར་འཕར་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།