དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བཞིས་མཐོ་སློབ་སློབ་ཐོན་སློབ་མར་འགྲིམ་འགྲུལ་དང་ཞག་སྡོད་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-19

    ཉེ་ཆར། སློབ་གསོ་པུའུ་དང་། མི་སྤྱི་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཁབ་ལྕགས་ལམ་ཚོགས་པ་བཅས་ཀྱིས་མཉམ་དུ《མཐོ་སློབ་སློབ་ཐོན་སློབ་མས་ས་གནས་གཞན་དུ་ལས་ཀ་འཚོལ་སྐབས“གཉིས་ཕན”བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། 2026ལོར་སློབ་ཆེན་ཐོན་མཁན་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཐོན་སློབ་མས་ས་གནས་གཞན་དུ་ལས་ཀ་འཚོལ་སྐབས་མེ་འཁོར་སྤ་སེའི་གཟིགས་སྐྱོང་སྲིད་ཇུས་མཁོ་འདོན་དང“གཞོན་ནུའི་ས་ཚིགས”ཀྱི་ཞག་སྡོད་གཟིགས་སྐྱོང་སོགས་སྟབས་བདེའི་ཞབས་ཞུ་སྔར་བས་ལེགས་སུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བདེ་བླག་ཐུབ་པར་རམ་འདེགས་བྱས་པ་རེད།

    བརྡ་ཐོ་གཞིར་བཟུང་། ས་ཆ་གཞན་དུ་ལས་ཀ་འཚོལ་མཁན(ལས་ཀ་འཚོལ་ས་སློབ་གྲྭ་གནས་ཡུལ་མིན་པ)གྱི་2026ལོའི་མཐོ་་སློབ་དཀྱུས་མའི་སློབ་ཐོན་སློབ་མར་ཕྱོགས་རྐྱང་པའི་མེ་འཁོར་གྱི་སྤ་སེར་གཟིགས་སྐྱོང་ཐེངས་4ལོངས་སྤྱོད་བྱེད་པའི་རྨང་གཞིའི་ཐོག ལོ་དེའི་སློབ་དུས་སུ་སླར་ཡང་སློབ་མ་རེར་མེ་འཁོར་གྱི་སྤ་སེ་ཉོ་བའི་གཟིགས་སྐྱོང་ཐེངས་གཉིས་མང་དུ་བཏང་ཡོད།

    བརྡ་ཐོའི་ནང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་བསྡུ་མང་བའི་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི་གཙོ་གནད་བཀོད་སྒྲིག་འཛུགས་སྐྲུན་གྱི་གྲོང་ཁྱེར་ཁྱུ་ཚོགས་དང་ལྟེ་བའི་གྲོང་ཁྱེར་གྱི་ཚོང་ར་གཙོ་བོར་བྱས་ཏེ“གཞོན་ནུའི་ས་ཚིགས”ཀྱི་ཁྱབ་རྒྱ་རིམ་གྱིས་ཆེ་རུ་བཏང་ནས“གཞོན་ནུའི་ས་ཚིགས”ཀྱི་མཁོ་སྤྲོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “ཁེ་ལས་ཐད་སྦྲེལ་ས་ཚིགས”དང“གཞོན་ནུའི་མཚན་མོའི་སློབ་གྲྭ”སོགས་རྣམ་གྲངས་ས་ཚིགས་སུ་སྤེལ་བར་སྐུལ་འདེད་བཏང་ནས་ས་ཚིགས་སུ་ཡོད་པའི་ལས་ཀ་འཚོལ་མཁན་སློབ་ཐོན་སློབ་མར་ལས་ཞུགས་ཆ་འཕྲིན་འདྲི་རྩད་དང་། ལས་གཏོད་སྲིད་ཇུས་བློ་འདྲི། ལས་རིགས་འཆར་འགོད་མཛུབ་ཁྲིད། ལས་འཚོལ་རྩལ་ནུས་དངོས་སྦྱོང་སོགས་ཀྱི་གནད་སྨིན་ཞབས་ཞུ་མཁོ་འདོན་བྱེད་དགོས་པ། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ལས་ཀ་འཚོལ་མཁན་སློབ་ཐོན་སློབ་མར་འགྲིམ་འགྲུལ་དང་། འཕྲིན་གཏོང་། རིག་གནས་ཡུལ་སྐོར། བཟའ་བཏུང་སོགས་ལ་གཟིགས་སྐྱོང་བྱ་རྒྱུར་སྐུལ་ལྕག་བྱེད་པ་དང་འབྲེལ། ཟླ་བ་གསུམ་ནས་དྲུག་བར་གྱི་ལས་འཚོལ་གནས་ཚུལ་ལ་རྗེས་སྙེག་ཞབས་འདེགས་ཞུ་བ་བཅས་ཀྱི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།