དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འགན་བཅོལ་སྨན་རྫས་ཀྱི་རིན་གོང་བསྡུར་བའི་བྱ་རིམ་ཆུང་གྲས་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-19

    སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱིས་སྨན་རྫས་ཉོ་བའི་དམངས་འཚོའི་དཀའ་གནད་ཐག་གཅོད་བྱ་ཆེད། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་2024ལོ་ནས་བཟུང་རྒྱལ་ཡོངས་ཀྱི་དམིགས་བཙུགས་སྨན་ཁང་གི་སྨན་བཅོས་འགན་བཅོལ་སྨན་རྫས་ཀྱི་རིན་གོང་བསྡུར་སའི་བྱ་རིམ་ཆུང་ངུ་དྲ་ཐོག་ཏུ་འཛུགས་རྒྱུར་སྐུལ་འདེད་བཏང་ཞིང་། མིག་སྔའི་བར། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཚང་མས་དྲ་ཐོག་ནས་བྱ་རིམ་ཆུང་ངུ་སྤྱོད་པའི་ལས་དོན་བསྒྲུབས་ཏེ་ས་ཁོངས་ཡོངས་དང་དམངས་ཡོངས་ལ་ཁྱབ་ནས་ས་གནས་ཁག་གི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཚང་མར་སྟབས་བདེ་བའི་རིན་གོང་བསྡུར་བའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། བྱ་རིམ་ཆུང་ངུ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་རྗེས། ས་གནས་ཁག་གི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་མང་ཚོགས་ཀྱི་བེད་སྤྱོད་ཚུར་ལན་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ། ནུས་པ་མི་འདང་ས་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་བཀོལ་སྤྱོད་ཞབས་ཞུའི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ཡོད།

    ཞིང་ཆེན་མི་ཉུང་བར་པར་བརྒྱབ་སྟེ་སྨན་རྫས་དབྱེ་བ་འབྱེད་པའི་བྱེད་ནུས་གསར་པ་བཟོས་ཡོད། སྨན་རྫས་ཀྱི་མིང་བླུགས་མི་དགོས་པར་སྨན་སྣོད་ལ་པར་བརྒྱབ་ན་འཕྲལ་མར་སྨན་གང་ཡིན་རྩད་ཆོད་པ་དང་། ས་ཁུལ་ཁག་གཅིག་ཏུ་དྲ་ཐོག་ནས་སྨན་རྫས་ཉོ་བ་དང་སྨན་རྫས་སྒོ་རྩར་སྐྱེལ་བའི་ཞབས་ཞུ་ཤར་གཏོང་བྱས་པར་འགྲོ་སྐྱོད་སྟབས་བདེ་མེད་པའི་ཚོགས་སྤྱི་དང་ལས་བྲེལ་ཆེ་རིགས་ཀྱི་སྨན་རྫས་ཉོ་བའི་དཀའ་གནད་ཐག་གཅོད་ཏན་ཏིག་ཐུབ་པ། ས་ཁུལ་ཁག་གཅིག་ཏུ་སྨན་སྤྱོད་ཟད་གྲོན་རྒྱུ་ཆའི་རིན་གོང་འདྲི་རྩད་དང་། སྨན་ཐོ་ལྟར་སྨན་རྫས་འཚོལ་བ། སྨན་རྫས་ཀྱི་རིན་གོང་འཕེལ་ཕྱོགས་ལ་དབྱེ་ཞིབ་སོགས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་ནུས་ལ་སྨན་ཁང་གི་སྨན་བཅོས་འགན་བཅོལ་སྨན་རྫས་ཀྱི་གྲངས་ཚད་དང་རིན་གོང་བསྡུར་བའི་སྟོན་གྲངས་དང་དུས་མཉམ་དུ་རིམ་དཔྱད་ཐུབ་པས། སྤུས་ཀ་ལེགས་ཤིང་རིན་གོང་འཚམ་པའི་སྨན་རྫས་ཉོ་བདེ་རུ་ཕྱིན་ནས་སྨན་བཅོས་འགན་བཅོལ་ཞབས་ཞུ་སྔར་བས་གནད་འཁེལ་དང་ཉེ་བཅར་ཐུབ་པ་དང་། འགན་བཅོལ་ལ་ཞུགས་པའི་མང་ཚོགས་སྨན་རྫས་ཉོ་སྐབས་སྨན་རིན་ལ་དེ་བས་བློ་བདེ་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།