དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་སྤྱི་ཚོགས་ཡོངས་སུ་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་10ལས་ཐོག་མར་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-19

    འདི་ནི་ཟླ་1ཚེས་16ཉིན། ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་ཅིན་ཐ་རྫོང་གི་ནུས་མང་གསབ་རེས་རྟེན་གཞི་དང་ཆན་ཝ་ཁྲི་10ཟིན་པའི་འོད་ཤུགས་ཚ་ནུས་རྣམ་གྲངས་ཀྱིས་བརྟན་ལ་ཕན་འབྲས་ཆེ་བའི་གློག་གཏོང་བཞིན་པ།

     གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར་རང་རྒྱལ་གྱི་སྤྱི་ཚོགས་ཡོངས་སུ་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་10ལས་ཐོག་མར་བརྒལ་བ་དང་། རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་103682ཟིན་པ་དེ་དུས་མཚུངས་ལས་5.0%འཕར་ཞིང་། དེ་ནི་གོ་ལ་ཧྲིལ་པོའི་ལམ་ལུགས་རྐྱང་པའི་རྒྱལ་ཁབ་ཁྲོད་ཐེངས་དང་པོ་ཡིན་པ་རེད།

    ཐོན་ལས་ལ་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1494ཟིན་པ་དེ་དུས་མཚུངས་ལས་9.9%འཕར་བ་དང་། ཐོན་ལས་གཉིས་པར་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་66366ཟིན་པ་དེ་དུས་མཚུངས་ལས་3.7%འཕར་བ། ཐོན་ལས་གསུམ་པར་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་19942ཟིན་པ་དེ་དུས་མཚུངས་ལས་8.2%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་15880ཟིན་པ་དེ་དུས་མཚུངས་ལས་6.3%འཕར་བ། ཐོན་ལས་གསུམ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཀྱིས་གློག་སྤྱོད་ཚད་འཕར་བར་ལེགས་སྐྱེས་འབུལ་ཚད་50%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།