དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རྫིང་ཆུ་འཐེན་ནས་ཉ་འཛིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-19

    ཉིན་ཤས་རིང་། དགུན་དུས་ཁྲོམ་རར་ཚྭ་མེད་ཆུའི་ཉ་རིགས་བྲིན་ཁ་རྒྱུག་པར་བརྟེན་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཁྲང་ཤིན་རྫོང་ཅ་ཕུའུ་གྲོང་རྡལ་ཐའོ་ཅ་ཝན་གྲོང་ཚོའི་ཉ་པས་གཅིག་རྗེས་གཉིས་མཐུད་ངང་རྫིང་གི་ཆུ་འཐེན་པ་དང་འདམ་རྫབ་བཤངས་ཏེ། རྫིང་སྐམ་པོ་ནས་ཉ་བཟུང་སྟེ་ཁྲོམ་རར་ཉ་འདང་ངེས་མཁོ་འདོན་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཅ་ཕུའུ་གྲོང་རྡལ་གྱིས་ཡུལ་དེ་གའི་ཆུའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང་། ཞིང་པས་ཡུལ་བབ་དང་བསྟུན་ནས་གསོ་ཚགས་གྲུབ་ཆ་ལེགས་སྒྲིག་བྱེད་པ། འདེབས་གསོ་བྱེད་སྟངས་གསར་པ་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་པའི་ཡོང་འབབ་འཕར་བར་རྒྱུན་མཐུད་སྐུལ་ཁྲིད་བྱས་པ་རེད། འདི་ནི་ཡུལ་དེ་གའི་ཡུལ་མིས་རྫིང་སྐམ་པོ་ནས་ཉ་འཛིན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།