དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་རྒྱལ་སྒྲོལ་ཚོང་དོན་སྟབས་བདེ་ཅན་གྱི་སྲིད་ཇུས་དང་བྱེད་ཐབས་ཁག་25ཁྱབ་གདལ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-19

    ཉེ་ཆར། གསར་འགོད་པར་འགག་སྒོ་སྤྱི་ཁྱབ་ཧྲུའུ་རུ་འཚོགས་པའི་གསར་འགོད་པའི་བརྡ་ཁྱབ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར་རྒྱལ་སྒྲོལ་ཚོང་དོན་སྟབས་བདེ་ཅན་གྱི་ཆེད་དོན་བྱ་སྤྱོད་སྤེལ་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཡོངས་སུ་ཅུང་གནད་ལ་སྨིན་པའི་སྲིད་ཇུས་དང་བྱེད་ཐབས་ཁག་25འདྲ་བཟོའི་རྣམ་པའི་ཐོག་ནས་ཁྱབ་གདལ་བཏང་སྟེ། སྲིད་ཇུས་ཀྱི་ཕན་པ་སྔར་བས་འདོགས་པ་དང་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རམ་འདེགས་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

    2025ལོའི་ཟླ་4པ་ནས་9པ་བར། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། ཕྱི་འབྲེལ་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཚོང་དོན་པུའུ་སོགས་སྡེ་ཚན(ཚན་པ)20དང་མཉམ་དུ་པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན། ཁྲུང་ཆིང་སོགས་གྲོང་ཁྱེར་25རུ་རྒྱལ་སྒྲོལ་ཚོང་དོན་སྟབས་བདེ་ཅན་གྱི་ཆེད་དོན་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་ཏེ། སྔོན་ལ་ལག་ལེན་དང་སྔོན་ལ་ཚོད་ལྟའི་གསར་གཏོད་ཀྱི་སྲིད་ཇུས་དང་བྱེད་ཐབས་29བཏོན་ནས་ཕྱི་ཕྱོགས་ཚོང་དོན་གྱི་གྲངས་འབོར་བརྟན་དུ་དང་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་རིམ་རྩིས་བརྒྱབ་ན། རྟ་སྒ་ཆ་སྒྲིག་གི་བྱེད་ཐབས་ཁག་508བཏོན་པ་བརྒྱུད་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གསར་གཏོད་ལམ་ལུགས་དང་བྱ་ཐབས་ཁག་གཅིག་གྲུབ་ཡོད།

    སྲིད་ཇུས་ཀྱི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་འདོམས་བྱེད་སྟངས་ལེགས་སུ་བཏང་བ། རྒྱལ་སྒྲོལ་དྲ་ཚོང་གི་ཕྱིར་གཏོང་བང་མཛོད་ཁེ་ལས་ཀྱིས་ཐོ་འགོད་སྙན་སེང་ཞུ་མི་དགོས་པར“རྒྱལ་ཁོངས་ནས་བསྒྲལ་མ་ཐག་ཁྲལ་སློག་རྒྱུ་དང་ཕྱིར་ཚོང་བྱས་རྗེས་ཞིབ་རྩིས་རྒྱག་པ”ལག་ལེན་བསྟར་རྒྱུ་དང་། ལི་གློག་རྫས་ཕྱིར་གཏོང་ལ་ཞིབ་བཤེར་དང་ལྟ་འདོམས་བྱེད་སྟངས་ལེགས་སུ་བཏང་སྟེ། “ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྒུལ་ཤུགས་གློག་རྫས་སྒམ་ཁག་བགོས་ཕྱིར་གཏོང”གི་མཉམ་འགུལ་ལྟ་འདོམས་བྱེད་སྟངས་ལ་བརྟེན་ནས“གསར་གསུམ”གྱི་ཚོང་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས།

    འགག་སྒོ་སྒྲོལ་བའི་འགྲོ་ལུགས་ཁག་གཅིག་སྟབས་བདེ་རུ་བཏང་ནས་ཁེ་ལས་ཀྱི་དཀའ་ངལ་ནུས་ཤུགས་ཡོད་རྒུས་སེལ་རོགས་བྱས་པ། ཕྱི་ཕྱོགས་ཚོང་དོན་དང་དངུལ་རྩ་ཟུང་འབྲེལ་གྱི་གཞི་གཅིག་ཅན་གྱི་མ་དངུལ་བསྡུ་སྒྲིལ་ཡིད་རྟོན་ཞབས་ཞུའི་ལས་སྟེགས་བཙུགས་ཏེ། “ཁས་ལེན་དཔང་འདོན་བྱས་པའི་གཉེར་སྐྱོང་པ”(AEO)འོས་བབ་ཡིད་རྟོན་རིམ་པ་མཐོ་བའི་ཁེ་ལས་3200ལྷག་ཙམ་ལ་མ་དངུལ་བསྡུ་སྒྲིལ་གྱི་ཡིད་རྟོན་དང་། མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག ཕྱིར་གཏོང་ཡིད་རྟོན་ཁག་ཐེག་སོགས་ཀྱི་སྲིད་ཇུས་ལོངས་སུ་སྤྱོད་པར་རོགས་རམ་བྱས་པ་དང་། སྲིད་ཇུས་ཀྱི་ཁེ་སྤོགས་སྤྲོད་ལུགས་རང་འགུལ་ངང་ཁྱབ་བསྒྲགས་བྱས་ཏེ། ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་ཁྲལ་དངུལ་གྱི་དུས་འགྱངས་ཆད་དངུལ་སྒོར་ཁྲི་2096.1ཆག་ཡང་དང་རྩ་ཆག་བཏང་ཡོད།

    རྒྱལ་སྒྲོལ་ཟོག་འགྲེམས་ཤར་གཏོང་ཐུབ་པར་བྱས་ནས་ཚོང་དོན་གྱི་ཕྱོགས་གཉིས་པོའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ། རྒྱལ་སྒྲོལ་དུས་གཏན་མེ་འཁོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་། གོ་ལ་ཧྲིལ་པོའི“བློ་རིག་འགག་སྒོའི”དྲ་ཐོག་མཉམ་ལས་ལས་སྟེགས་བདེ་བླག་ངང་འཁོར་རྒྱུག་བྱུང་བ། འཛམ་གླིང་འགག་སྒོའི་རྩ་འཛུགས(WCO)ཀྱི་ཁོངས་མིའི་འགག་སྒོ་146ནང་དུ་ཞུགས་པ། རྒྱལ་སྤྱིའི་ཚོང་དོན་གྱི“སྐར་ཁུང་རྐྱང་པ”ཡིས་རྒྱལ་ཁབ(ས་ཁུལ)15དང་ཐོག་མའི་ཐོན་ཡུལ་གྱི་དཔང་ཡིག་དང་བརྟག་བཤེར་དང་ནད་ཡམས་ཞིབ་བཤེར་དཔང་ཡིག་སོགས་གློག་རྡུལ་གྲངས་གཞི་བརྗེ་རེས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།