དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་བྱིས་པའི་སྨན་བཅོས་བདེ་ཐང་གི་དྲིལ་བསྒྲཌ་ལས་སྟེགས་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-19

    ཉིན་ཤས་གོང་། པེ་ཅིང་བྱིས་པའི་སྨན་ཁང་དུ་རྒྱལ་ཡོངས་བྱིས་པའི་སྨན་བཅོས་བདེ་ཐང་གི་དྲིལ་བསྒྲགས་ལས་སྟེགས་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་རེད། ལས་སྟེགས་དེ་ནི་རྒྱལ་ཁབ་བྱིས་པའི་གསོ་རིག་ལྟེ་གནས་པེ་ཅིང་བྱིས་པའི་སྨན་ཁང་དང་སྨི་ཀུའུ་རིག་གནས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་སྒྲིག་གཞིས་མཉམ་དུ་བཏོན་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཆེད་ལས་དང་སྤྱི་ཕན་གྱི་བྱིས་པའི་བདེ་ཐང་ཆ་འཕྲིན་ཁྱབ་སྤེལ་དང་སྨན་བཅོས་མཐུན་སྦྱོར་ལས་སྟེགས་གཏོད་རྒྱུ་དེ་ཡིན་པ་རེད།

    ལས་སྟེགས་དེས་བྱིས་པའི་བདེ་ཐང་ཞབས་ཞུའི་ཁྲོད་ཀྱི་དགོས་མཁོ་དངོས་ལ་དམིགས་ནས“དུས་འཁོར་ཧྲིལ་པོ་དང་ཁྱབ་ཁོངས་མང་བའི”གྲངས་རིག་ཅན་གྱི་ཐག་གཅོད་ཇུས་གཞི་བཏོན་ཡོད། མིག་སྔར་བདེ་ཐང་ཚན་རིག་ཁྱབ་གདལ་གྱི་བརྙན་ལམ་1300ལྷག་ཙམ་དྲ་ཐོག་ཏུ་བཏང་བ་དེ་དག་བྱིས་པའི་འཚོ་བཅུད་དང་། དུས་ཚིགས་རང་བཞིན་གྱི་ནད་རིགས། ཁྱིམ་ཚང་གི་བདག་སྐྱོང་། འཚར་ལོངས། སྤྱོད་ལམ་དང་སེམས་ཁམས་སོགས་ཀྱི་བརྗོད་དོན་གཙོ་བོར་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།