པུ་ཧཱ་ལཱ་གནའ་གྲོང་གི་ཉམས་འགྱུར།

པུ་ཧཱ་ལཱ་གནའ་གྲོང་གི་གནས་རྟགས་ཡ་ཁེ་མཁར་རྫོང་གི་རྒྱལ་སྒོ་ཡིན་པ།

པུ་ཧཱ་ལཱའི་གནས་རྟགས་ཁ་ཡང་ཤོན་ལི་མཆོད་རྟེན་འོག་བཟའ་ཚོས་གཉེན་སྒྲིག་པར་རྒྱག་བཞིན་པ། ལུའེ་ཆང་གིས་པར་བླངས།
མིག་སྔར། “ཨེ་ཤེ་ཡ་དབུས་མར་ཡུལ་སྐོར་བྱེད་པའི་ཚ་རླབས”རྒྱུན་མཐུད་འཕྱུར་ཞིང་། གྲངས་གཞི་གསར་ཤོས་ལས་མངོན་པར། 2025ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་རིང་། ཨུ་ཟ་བྷེ་ཁི་སི་ཐན་དུ་སྐྱོད་མཁན་ཀྲུང་གོའི་སྤྱི་དམངས་མི་ཐེངས་ཁྲི་35ཟིན་པ་དང་། དེའི་ནང་ཡུལ་སྐོར་བ་མི་ཐེངས་ཁྲི་25ཙམ་ཟིན་པ་དེ་2024ལོའི་དུས་མཚུངས་ལས་ལྡབ་2ལྷག་འཕར་ཡོད།
པུ་ཧཱ་ལཱ་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཡུལ་སྐོར་གྲོང་ཁྱེར་གལ་ཆེན་ཞིག་ཡིན་ཞིང་། ལོ་ངོ་2500ལྷག་ཙམ་གྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལོ་རྒྱུས་ལྡན་ཡོད་ལ། གནའ་བོའི་དར་གོས་ལམ་བུའི་ཐོག་གི་ཚོང་དོན་དང་། རིག་གནས། ཆོས་ལུགས་བཅས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཀྱང་རེད།
པུ་ཧཱ་ལཱ་ལོ་རྒྱུས་ལྟེ་གནས་དེ་1993ལོར《འཛམ་གླིང་ཤུལ་བཞག་གི་མིང་གཞུང》ནང་བཅུག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པའི“བཟོ་རྩལ་དང་དམངས་ཁྲོད་སྒྱུ་རྩལ་གྱི་གསར་གཏོད་གྲོང་ཁྱེར”ཡང་ཡིན་པས། ལོ་ལྟར་ཡུལ་སྐོར་བ་མང་པོ་ཞིག་འདི་གར་ཡུལ་སྐོར་ལ་ཡོང་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།