དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་ཁྲོམ་ར་གཙོ་བོར་ཀྲུང་གོའི་གནོད་མེད་ལག་རྩལ་ཐོན་རྫས་ཡོངས་སུ་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-19

    ཧྲང་ཧའེ་རུ་འཚོགས་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་འགྲེམས་སྟེགས་ཐོག་བཏོན་པའི་ཀྲུང་གོའི་གློག་སྒུལ་རླངས་འཁོར་ཞིག་གིས་ཕྱི་རྒྱལ་གྱི་ལྟད་མོ་བ་མི་ཉུང་བའི་ཡིད་དབང་འཕྲོག་པ། ཐང་ཁེ་ཡིས་པར་བླངས།

    གོང་མ་ཚང་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་སུའོ་ཡིས་གོ་ལ་ཧྲིལ་པོའི་གླེང་ཕྱོགས་བརྟག་དཔྱད་ཀུང་སིར་མངགས་བཅོལ་བྱས་ནས་བརྟག་དཔྱད་གསར་ཤོས་བྱས་པ་ལས་མངོན་པར། གོ་ལ་ཧྲིལ་པོའི་འཛད་སྤྱོད་པས་གནོད་མེད་ལག་རྩལ་ལ་ཧ་ཅང་དགའ་པོ་བྱེད་པས་མ་ཚད། ཀྲུང་གོས་བཟོས་པའི་གནོད་མེད་ལག་རྩལ་ཐོན་རྫས་དཔེར་ན། ཉི་ནུས་ཀྱི་གློག་རྫས་ལེབ་མོ་དང་གློག་སྒུལ་རླངས་འཁོར་ལྟ་བུར་ཡང་རྒྱབ་སྐྱོར་རྒྱ་ཁྱབ་ཏུ་ཐོབ་བཞིན་ཡོད་པ་རེད། མིག་སྔར། ཐོན་རྫས་དེ་དག་གིས་ཁྲོམ་རའི་ཐོག་གནས་བབ་གལ་ཆེན་བཟུང་ཡོད།

    2025ལོའི་དབྱར་ཁར། གོ་ལ་ཧྲིལ་པོའི་ཁྲོམ་ར་33ལ་བརྟག་དཔྱད་བྱས་པ་ལས་མངོན་པར་གཞིགས་ན། འཛད་སྤྱོད་པ་ཕྱེད་ཀ་ཡན་གྱིས་མ་མཐར་ཡང་ཀྲུང་གོས་བཟོས་པའི་ཉི་ནུས་ཀྱི་གློག་རྫས་ལེབ་མོའམ་ཡང་ན་གློག་སྒུལ་རླངས་འཁོར་ཉོ་རྩིས་ཡོད་པ་དང་། བཅར་འདྲི་དང་ལེན་བྱེད་མཁན་བརྒྱ་ཆ་བདུན་ཅུ་ཙམ་གྱིས་རང་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཀྲུང་གོས་བཟོས་པའི་ཉི་ནུས་གློག་རྫས་ལེབ་མོ་དང་རླུང་འཁོར་ཉོ་བར་རྒྱབ་སྐྱོར་ངེས་ཅན་བྱས་ཡོད།

    གོང་མ་ཚང་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་སུའོ་ཡི་ཁོར་ཡུག་དང་སྤྱི་ཚོགས་ལྟེ་གནས་ཀྱི་ཕུལ་བྱུང་ཞིབ་འཇུག་པ་པོ་ཉི་སི་·ལི་ཡིས“ཀྲུང་གོས་དགའ་ཞེན་ཐོབ་ཚད་ཇེ་ཆེར་འགྲོ་བའི་གོང་ཁེའི་ཐོན་རྫས་དེ་དག་གི་མཁོ་སྤྲོད་འབྲེལ་ལམ་སྔར་བས་ཟབ་ཏུ་བཏང་བའི་དབང་གིས་ཀྲུང་གོའི་འཇམ་ཤུགས་ཀྱང་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད”ཅེས་བརྗོད།

    —— དབྱིན་ཇིའི་གོང་མ་ཚང་རྒྱལ་སྤྱིའི་ཞིབ་འཇུག་སུའོ་ཡི་དྲ་ཚིགས་སུ་བཀོད་པའི་རྩོམ་ཡིག་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།