ཀྲུང་གོས་འབར་རླངས་གཙང་མ་འཕེལ་རྒྱས་མགྱོགས་མྱུར་གཏོང་བཞིན་པ།

འདི་ནི་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་ཀུའེ་ཀྲོའུ་གྲོང་རྡལ་དུ་ཟོག་འདྲེན་གྲུ་གཟིངས་ཤིག་ལ་གཤེར་འགྱུར་རང་བྱུང་སོལ་རླངས་གཙང་མ་བླུག་བཞིན་པ།
ཀྲུང་གོས་རང་ངོས་ཀྱི་ཕུན་སུམ་ཚོགས་ཤིང་མ་གནས་དམའ་བའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དང་སྐྱེ་དངོས་འབར་རླངས་ཐོན་ཁུངས་ལ་བརྟེན་ནས། གཞི་ཁྱོན་ཆེ་བའི་བཟོ་ལས་མ་ལག་གི་དེ་བས་གཏིང་ཟབ་པའི་ཐཱན་འདོར་འཕེལ་རིམ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
མིག་སྔར། འབར་རླངས་གཙང་མའི་མ་གནས་དེ་རྫས་འགྱུར་རྡོ་སྣུམ་ལས་ཧ་ཅང་མཐོ་བ་ཡོད་མོད། འོན་ཀྱང་ཀྲུང་གོའི་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མའི་ལག་རྩལ་མཁོ་སྤྲོད་འཁོར་འབྲེལ་ལ་གཙོ་ཁྲིད་བྱེད་པར་རྨང་གཞི་འདིང་བཞིན་ཡོད་པ་རེད།
མིག་སྔར་ཉི་ནུས་ཁེ་ལས་ལུང་ཅི་ལྗང་ནུས་དང་། རླུང་ཤུགས་ཀྱི་སྒྲོ་གཤོག་སྒུལ་བྱེད་འཕྲུལ་འཁོར་བཟོ་སྐྲུན་ཚོང་པ་ཅིན་ཧྥུང་ཚན་རྩལ་དང་མིང་དབྱང་རིག་ནུས་ཚུད་པའི་ཀྲུང་གོའི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་བཟོ་སྐྲུན་ཚོང་པ་ཆེ་གྲས་མང་པོ་ཞིག་འབར་རླངས་གཙང་མ་དང་རྫས་འགྱུར་བཟོ་ལས་ལས་སྒོ་འཕེལ་རྒྱས་གཏོང་བའི་ཐོག་མའི་དུས་མཚམས་སུ་གནས་ཡོད། རྣམ་གྲངས་དེ་དག་གཙོ་བོ་ཨན་དང་། ཁྲུན་ཀ་པ། མཁའ་འགྲུལ་འབར་རླངས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།
“ཐོན་ལས་ཕྱོགས་སྒྱུར་མྱུར་ཆས”འཆར་གཞིའི་ལག་བསྟར་ཏུང་ཧྲི་ཧྥུའུ་སི་ཐིན·ཏེ་ལཱ་སར་གྱིས། ཀྲུང་གོའི་གསར་སྤེལ་ཚོང་པས་འབྱུང་འགྱུར་ལ་བསམ་བཀོད་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེའི་ལྟེ་བའི་འདུ་ཤེས་ནི་ལྗང་མདོག་འདུས་རྡུལ་དང་འབར་རླངས“རྡོ་སྣུམ་གསར་པར”འགྱུར་བ་བྱ་རྒྱུ་དེ་རེད། “ཀྲུང་གོས་རེས་སྐོར་གསར་པའི་ནུས་རྒྱུ་གཙང་མའི་ལག་རྩལ་གཞི་ཁྱོན་ཆེ་བའི་ཚོང་ལས་ཅན་གྱི་འཕེལ་རིམ་ལ་སྣེ་ཁྲིད་བྱེད་བཞིན་ཡོད་པ་སྨོས་མེད་རེད། རྣམ་གྲངས་གསོག་འབོར་ཐད་ཐོབ་སྐལ་གལ་ཆེན་བཟུང་བ་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་མཐའ་མའི་མ་འཇོག་གཏན་འཁེལ་ཟིན་པའི་རྣམ་གྲངས་ཀྱི་གྲངས་འབོར་ཁྲོད་དུ་ཀྲུང་གོས་བཟུང་བའི་བསྡུར་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བཞིན་ཡོད”ཅེས་བརྗོད་པ་རེད།
—— དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ།
འབྲེལ་ཡོད་གསར་འགྱུར།