དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གྱི་གྲངས་འཛིན་ཅན་འཛུགས་སྐྱོང་ལ་འཕེལ་རིམ་གསར་པ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-19

    སྲིད་དོན་ཞབས་ཞུའི“དྲ་གཅིག་ཀུན་སྒྲུབ”ལས་སྒོ་མི་སེམས་སུ་གཏིང་ཟབ་ཟུག་པ་དང་། སྤྱི་པའི་ཐོན་ཁུངས་ཉོ་ཚོང་གི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་བ། ལྗང་མདོག་རྩིས་ནུས་ཐོན་ལས་འཆར་འགོད་ནས་ལག་ལེན་དུ་འཁྱོལ་བ་སོགས། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྲངས་འཛིན་ཅུས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2025ལོའི་ལོ་མཇུག་བར“གྲངས་འཛིན་གོར་མོ”འཛུགས་སྐྱོང་ལ་བརྒྱུད་རིམ་རང་བཞིན་གྱི་འཕེལ་རིམ་བྱུང་ནས། ས་མཐོའི་གྲོང་ཁྱེར་གསར་པའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད།

    སྲིད་དོན་ཞབས་ཞུའི་ནུས་ཕྱོད་ཆེ་རུ་ཕྱིན་པ། གོར་མོ་གྲོང་ཁྱེར་གྱིས་སྲིད་དོན་ཞབས་ཞུ“སྒྲུབ་ཐུབ་པ”ནས“སྒྲུབ་སླ་བའི”ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་ཞིང་། མིག་སྔར། སྲིད་དོན་ཞབས་ཞུའི་ལས་ཀ་95%དྲ་ཐོག་ནས་སྒྲུབ་ཆོག་པ་དང་། མང་ཚོགས་བློ་ཡིད་ཚིམ་ཚད་100%ཟིན་པ། གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་སྲིད་དོན་ཞབས་ཞུ་སྒྲུབ་ཐུབ་ཚད“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་ཆེས་ཆེར་འཕར་ནས་རིམ་རྩིས་བརྒྱབ་ན“དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པ”སོགས་ཀྱི་ལས་སྒོ་ཁྲི་གཅིག་ལྷག་བསྒྲུབས་ཡོད་པ་རེད།

    སྤྱི་པའི་ཐོན་ཁུངས་ཉོ་ཚོང་རིག་ནུས་ཅན་དུ་གྱུར་པ། གོར་མོ་གྲོང་ཁྱེར་དུ་བརྒྱུད་རིམ་ཧྲིལ་པོའི་གློག་རྡུལ་ཅན་གྱི་ཉོ་ཚོང་མ་ལག་བསྐྲུན་ཡོད། འགན་ཡིག་གིས་གཏའ་དངུལ་གྱི་ཚབ་བྱེད་པ་དང་ཞིང་ཆེན་ལས་སྒྲོལ་བའི་རྒྱང་རིང་འོས་དཔྱད་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་ཁེ་ལས་ཁག་ལ་རིམ་རྩིས་བརྒྱབ་ན་འཁོར་རྒྱུག་མ་དངུལ་སྒོར་དུང་ཕྱུར་4ལྷག་ཙམ་མཁོ་འདོན་བྱས་ཤིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་130ཟིན་པ་དང་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་5.8ཙམ་གྲོན་ཆུང་ཐུབ་ཡོད། ལྟ་སྐུལ་དོ་དམ་བྱེད་སྟངས་ཐད་མིས་སྐོར་ཞིབ་བྱེད་པ་ནས་གྲངས་གཞིས་མཐུན་རྐྱེན་སྦྱོར་བའི་ཕྱོགས་སུ་རིམ་སྤོར་བྱུང་ཡོད།

    ལྗང་མདོག་རྩིས་ནུས་ཐོན་ལས་ཚད་བརྒལ་འཕེལ་རྒྱས་ཕྱིན་པ། ནུས་རྒྱུ་གཙང་མའི་ལེགས་ཆར་བརྟེན་ནས་གོར་མོ་གྲོང་ཁྱེར་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”འདུ་འགོད་ནང་མཉམ་འདྲེས་ཧུར་ཐག་བྱས་ཏེ། ཁྱོན་མ་དངུལ་སྒོར་དུང་ཕྱུར་50ལྷག་གི་རྩིས་ནུས་རྣམ་གྲངས་ལ་སྐུལ་འདེད་བཏང་བས། ཐོན་ལས་མེད་པ་ནས་ཡོད་པའི་བར་ཚད་བརྒལ་བྱུང་བ་མ་ཟད། “ལྗང་མདོག་གློག་ཤུགས་ཀྱིས་རྨང་གཞི་བྱེད་པ་དང་རྩིས་ནུས་ཀྱིས་ལྟེ་བ་བྱེད་པའི”འཕེལ་རྒྱས་ཐབས་ལམ་ཡང་ཁ་གསལ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།