དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་ཁྲིམས་ཁང་གི་ཚོང་དོན་འདྲི་གཅོད་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-19

    ཉེ་ཆར། “ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས་ཀྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཆེད་དོན་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། མཚོ་སྔོན་ཞིང་ཆེན་ཁྲིམས་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་ཚོང་དོན་འདྲི་གཅོད་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕར་བ་དང་ཐོན་ལས་ཀྱི“ཁུལ་བཞི”འཛུགས་སྐྲུན་ལ་ཁྲིམས་འཛིན་གྱི་སྲུང་བཅད་བརྟན་པོ་བསྐྲུན་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    མ་རྩ་བརྡིབས་པའི་འདྲི་གཅོད་ལམ་སྲོལ་གསར་གཏོད་བྱས་ཏེ་ཁེ་ལས་ཀྱི་བུ་ལོན་གྱི་ཉེན་ཁ་ཕན་ནུས་ཆེན་པོས་བསལ་ཞིང་། དོན་དངོས་ཟླ་སྒྲིལ་དང་བསྐྱར་སྒྲིག་བྱེད་སྟངས་ཐོག་མར་སྤྱད་པ་དང་། ཞིང་ཆེན་རིམ་པའི་མ་འཇོག་ཀུང་སི་མ་རྩ་བརྡིབས་ནས་བསྐྱར་སྒྲིག་བྱེད་པའི་གྱོད་གཞི་ཞིབ་གཅོད་བདེ་བླག་བྱས་པས་བསྐྱར་ཟློས་དང་དཀྲིས་པའི་བུ་ལོན་སྒོར་དུང་ཕྱུར་810ཉུང་དུ་ཕྱིན་ནས་ཁེ་ལས་ཀྱི་བུ་ལོན་གྱི་ཉེན་ཁ་ཆུང་དུ་ཕྱིན་ཡོད། “སྲིད་གཞུང་དང་། ཁྲིམས་ཁང་། ཁེ་ལས”བཅས་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱེད་པར་བརྟེན་ནས། བསྐྱར་སྒྲིག་བྱེད་རིང་གི་གནད་དོན་སྣ་ཚོགས་སྤྱི་འདོམས་ཐག་གཅོད་བྱས་པས། གྱོད་གཞི་དེ་བསྐྱར་སྒྲིག་བྱ་རྒྱུའི་བཅད་ཁྲ་བཏང་བ་ནས་བསྐྱར་སྒྲིག་བྱུང་བའི་བར་དུས་ཡུན་ལོ་གཅིག་ལས་འགོར་མེད་པ་མ་ཟད། ཟླ་བ་7ནང་ལག་བསྟར་ཟིན་ནས་མ་རྩ་བརྡིབས་པའི་འདྲི་གཅོད་ལས་ཆོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    ཁྲིམས་སྐྱོང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་རམ་འདེགས་བྱས་ཤིང་། 2024ལོའི་ཟླ་3པར། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《ཁྲིམས་སྐྱོང་ཁོར་ཡུག་ལེགས་སུ་བཏང་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཁྲིམས་འཛིན་འདྲི་གཅོད་ཀྱི་འགན་ནུས་གང་ལེགས་བཏོན་པ་དང་། ཁྲིམས་སྐྱོང་ཅན་གྱི་བྱ་ཐབས་ལ་བརྟེན་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོབ་བྱས་ཡོད། ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཟི་ལིང་གི་དམིགས་བསལ་ངར་ལྕགས་ཚོགས་པ་མ་རྩ་བརྡིབས་ནས་བསྐྱར་སྒྲིག་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བའི་གྱོད་གཞི་དེ་ཟླ་བ་6ནང་ཞིབ་གཅོད་བྱེད་མཇུག་འགྲིལ་ནས་བུ་ལོན་སྒོར་དུང་ཕྱུར་220གཙང་འཇལ་བྱས་པ་དང་། ལས་བཟོ་4414ཡི་ལས་ཞུགས་བརྟན་པོ་བྱུང་བ། ཁྲོམ་ཞུགས་ཀུང་སི་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ཉེན་ཁ་བདེ་བླག་ངང་བསལ་བ་བཅས་བྱས་ཏེ་ས་ཁོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིམས་འཛིན་གྱི་སྒུལ་ཤུགས་བསྣན་ཡོད་པ་རེད།

    ལས་ཀའི་ལམ་སྲོལ་འཐུས་ཚང་བཙུགས་ནས་མ་རྩ་བརྡིབས་པའི་འདྲི་གཅོད་ཀྱི་ཕན་འབྲས་ཆེ་རུ་བཏང་ཞིང་། 《བུན་བདག་གིས་མ་རྩ་བརྡིབས་པའི་དོ་དམ་པ་འོས་སྦྱོར་བྱ་རྒྱུའི་སྐོར་གྱི་ལས་ཀའི་བྱ་ཐབས》བཀྲམ་ནས་འདྲི་གཅོད་ལས་ཀའི་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ་མ་རྩ་བརྡིབས་པའི་འདྲི་གཅོད་ལས་དོན་དེ་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་མཐོར་འདེགས་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན། མ་རྩ་བརྡིབས་པའི་གྱོད་གཞི་ཁྱོན་98ཞིབ་གཅོད་བྱེད་མཇུག་འགྲིལ་བ་དང་རྒྱུ་ནོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་2000ལས་བརྒལ་ནས་ཁྲོམ་རའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ཞིང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ཁྲིམས་འཛིན་ཞབས་ཞུ་དང་འགན་ལེན་ནུས་ལྡན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།