དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ཐང་ཆེན་སྒྱུར་བཀོད་ལས་གྲྭ་མཇུག་བསྒྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-19

    ཉེ་ཆར། ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ཐང་ཆེན་རིམ་སྤོར་སྒྱུར་བཀོད་ལས་གྲྭ་ཕྱོགས་ཡོངས་ནས་ལས་མཇུག་བསྒྲིལ་ཞིང་། རྣམ་པ་གསར་རྐྱང་གི་འགྲིམ་འགྲུལ་ལྟེ་གནས་དེ་ཉིད་སྔར་བས་སྟབས་བདེ་དང་སྐྱིད་སྣང་དོད་པའི་ཞབས་ཞུའི་རྣམ་པའི་ཐོག་ནས་གྲོང་ཁྱེར་གྱི་ཤེས་དཔལ་མངོན་པའི་སྐར་ཁུང་གསར་པ་ཞིག་ཏུ་གྱུར་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལས་གྲྭ་དེའི་ནང་ཐང་ཆེན་གྱི་ཡུག་ཁུལ་ཆེན་པོ་གསུམ་ཚུད་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་6.8ཟིན་པ་དང་། མ་དངུལ་བསྡོམས་འབོར་སྒོར་ཁྲི་4800ཙམ་བཏང་ལ། དུན་ཡིན་ཟླ་བ་གཅིག་ལྷག་ཙམ་རིང་ལེགས་བཅོས་རིམ་སྤོར་ལས་ཀ་ལེགས་གྲུབ་བྱུང་ཡོད།

    སྒྱུར་བཀོད་བྱས་རྗེས་འགྲུལ་པས་ལམ་སྐོར་མི་དགོས་པར་ཐད་ཀར་འབབ་ཚུགས་ནང་འཛུལ་ཐུབ་པས་རླངས་འཁོར་འགྲོ་སྐྱོད་ཀྱི་ལས་ཕྱོད་ཇེ་མཐོར་ཕྱིན་པ་དང་། ཉམས་ཆག་ཤོར་བའི་ལམ་ངོས་ཕྱོགས་ཡོངས་ནས་ཉམས་གསོ་ཐུབ་པ། སྤྱི་པའི་སྒྲིག་བཀོད་དང་ལྗང་མདོག་ཡུལ་ལྗོངས་གསར་པ་མང་དུ་དང་འཐུས་སྒོ་ཚང་དུ་བཏང་བ། འགོག་སྲུང་དོ་དམ་ལ་དུས་མཉམ་དུ་ཤུགས་སྣོན་བརྒྱབ་པ་བཅས་ལས་ཐང་ཆེན་དེ་ཉིད་བདེ་འཇགས་དང་སྐྱིད་སྣང་དོད་ལ་སྤུས་ཚད་མཐོ་བའི་སྤྱི་པའི་བར་མཐོངས་སུ་འགྱུར་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།