ལྷོ་ཁ་གྲོང་ཁྱེར་གྱི་ཚད་ལྡན་ཅན་གྱི་ཁ་ལོ་བའི་ལག་ཁྱེར་རྒྱུགས་ལེན་ལྟེ་གནས་སྤྱོད་འགོ་ཚུགས་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི་ཚད་ལྡན་ཅན་གྱི་ཁ་ལོ་བའི་ལག་ཁྱེར་རྒྱུགས་ལེན་ལྟེ་གནས་དངོས་སུ་བསྐྲུན་ནས་ལས་གཉེར་བྱེད་འགོ་ཚུགས་པ་རེད། རྣམ་གྲངས་དེའི་སྤྱིའི་ས་ཁྱོན་སྨི་ངོས་གྲུ་ཁྲི་8ཙམ་ཟིན་པ་དང་ཁྱོན་མ་དངུལ་སྒོར་ཁྲི་5236ཙམ་བཏང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཁ་ལོ་བའི་ལག་ཁྱེར་གྱི་རྒྱུགས་ལེན་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་ཁ་ལོ་བའི་ལག་ཁྱེར་གྱི་རྒྱུགས་ལེན་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ལ་ཕན་འདོགས་པའི་དམངས་འཚོའི་དོན་དངོས་ཤིག་ཡིན་ཞིང་། ལྷོ་ཁ་གྲོང་ཁྱེར་གྱི་ཆེད་ལས་ཁ་ལོ་བའི་ལག་ཁྱེར་རྒྱུགས་ལེན་གྱི་ཞབས་ཞུའི་ཞན་ཆ་ནུས་ལྡན་བསལ་ཡོད།
གོམ་སྟབས་རྗེས་མར“རྒྱུགས་ལེན་དང་། གསོ་སྦྱོང་། ཞབས་ཞུ”བཅས་ཟུང་དུ་འབྲེལ་བའི་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་དོ་དམ་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་ཐོག ལྷོ་ཁ་གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།