དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལྒང་བཞུ་བཟོས། དུས་ཆེན་བསུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-19

    ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུ་བའི་སྐབས་འདིར། ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཀའོ་ཁྲེང་ཆུས་ཐུན་ཐོའུ་གྲོང་ཚོར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་པ་དང་། ས་གནས་དེ་གའི་ཡུལ་མིས་ཀའོ་ཁྲེང་གི་ལྒང་བཞུ་བཟོས་ཏེ་དཔྱིད་གསར་དུས་ཆེན་གྱི་ཁྲོམ་རར་འདོན་རྩིས་ཡོད། ཀའོ་ཁྲེང་གི་ལྒང་བཞུ་ནི་ཧོ་པེའི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་ཞིང་། མིག་སྔར་ལྒང་བཞུ་སྣ་ཁ་300ལྷག་ཙམ་ཡོད་པ་དང་རྒྱལ་ཡོངས་ས་གནས་ཁག་ཏུ་འཚོང་གི་ཡོད།

    འདི་ནི་ཟླ་1ཚེས་15ཉིན། གྲོང་མིས་ཧྲི་ཅ་ཀྲོང་གྲོང་ཁྱེར་ཀའོ་ཁྲེང་ཆུས་ཐུན་ཐོའུ་གྲོང་ཚོའི་ལྒང་བཞུ་བཟོ་གྲྭ་ཞིག་ཏུ་ལྒང་བཞུ་ཉོ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།