དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཏུང་ཧུའེ་ཀྲོའུ་ཡིས་སློབ་གྲྭར་སྤྱི་ཚོགས་ལས་དོན་སྤེལ་བར་སྤྱི་འདོམས་ཚད་ལྡན་བྱེད་ཤུགས་མི་འདང་བའི་གནད་དོན་བཅོས་སྒྲིག་བྱས་པ།

    ཕྱོགས་ཡོངས་ནས་ལྟ་སྐུལ་བྱས་ཏེ་སློབ་གསོའི་རང་འགན་གྱི་ངོ་བོ་མི་འགྱུར་བར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཀང་།   |     སྤེལ་དུས།  2026-01-18

    ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་ཧུའེ་ཀྲོའུ་སློབ་གླིང་གི་ཞོར་གཏོགས་སློབ་གྲྭར་སྐྱོད་སྐབས། རྒྱ་ཆེ་ལ་ཁོད་སྙོམས་པའི་ལུས་རྩལ་ཐང་དུ་ལུས་རྩལ་དགེ་རྒན་གྱིས་སློབ་མ་རྣམས་ཀྱི་སྣེ་ཁྲིད་དེ་ལུས་སྦྱོང་བྱེད་བཞིན་ཡོད་པ་དང་། དེ་དང་ཐག་མི་རིང་བའི་སློབ་ཁྲིད་ཐོག་ཁང་ནས་དཔེ་ཀློག་གི་སྒྲ་ཐོས་འཛིན་བུ་གར་ལྷང་ལྷང་དུ་གྲགས་འོང་།

    ཧུའེ་ཀྲོའུ་སློབ་གླིང་ཞོར་གཏོགས་སློབ་གྲྭའི་སློབ་སྤྱི་ཁྲེན་ཅན་གྱིས“2025ལོ་ཚུན་དུ། སློབ་གྲྭས་རྒྱུན་རྣམ་ཅན་གྱི་སྒོ་ནས་མེ་ཟོན་སློབ་གསོ་དང་དངོས་སྦྱོང་ནང་སྦྱོང་ལ་དམིགས་པ་ལས། འགྱུར་མེད་མེ་ཟོན་ཚད་མཐུན་ཞིབ་བཤེར་རྩིས་ལེན་བྱེད་ཀྱི་མེད་པས། རྩིས་དེབ་ཟིན་ཐོ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་མ་ཟད། སློབ་གསོ་སློབ་ཁྲིད་མིན་པའི་ཁུར་པོའང་མངོན་གསལ་དོད་པོས་ཡང་དུ་ཕྱིན་ཡོད” ཅེས་བརྗོད་པ་དང་། ཁོང་གིས། དེ་སྔ་མེ་ཟོན་གྱི་ཞིབ་བཤེར་རྩིས་ལེན་སོགས་སྤྱི་ཚོགས་ཀྱི་ལས་དོན་རྙོག་འཛིང་ཆེ་བ་མ་ཟད། རྩིས་དེབ་ལེགས་སྒྲིག་བྱེད་པར་ནུས་ཤུགས་མང་པོ་འདོན་དགོས་ཀྱི་ཡོད། འོན་ཀྱང་། ད་ཆ་ལས་ཀའི་གཙོ་གནད་ལ་འགྱུར་ལྡོག་སོང་སྟབས། དགེ་རྒན་རྣམས་བློ་རྩེ་གཅིག་ཏུ་གཞོལ་ནས་སློབ་ཁྲིད་བྱེད་ཆོག་གི་ཡོད་ཅེས་བཤད།

    2025ལོའི་ཟླ་2པར། ཀྲུང་དབྱང་རིམ་ངོས་ནས་ཧུའེ་ཀྲོའུ་གྲོང་ཁྱེར་གྱི་སློབ་གསོ་སྡེ་ཚན་གྱིས་སློབ་གྲྭར་སྤྱི་ཚོགས་ལས་དོན་སྤེལ་བར་སྤྱི་འདོམས་ཚད་ལྡན་བྱེད་ཤུགས་མི་འདང་བ་དང་། སྒྲིག་འགལ་ངང་ཚད་མཐུན་ཞིབ་བཤེར་དང་འགན་འཁྲིའི་ཡི་གེ་འཇོག་པ་སོགས་ཀྱི་བྱེད་སྒོ་སྤེལ་བར་བརྟེན། དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་མིན་པའི་ཁུར་པོ་ལྕི་རུ་སོང་ཡོད་ཅེས་བརྡ་ཁྱབ་བཏང་བ་རེད།

    གནད་དོན་གྱི་བརྡ་ཁྱབ་འབྱོར་རྗེས། ཧུའེ་ཀྲོའུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་གནད་དོན་དང་འབྲེལ་བ་ཡོད་པའི་སྡེ་ཚན་དང་། ཆུས། རྫོང་བཅས་ཀྱིས་གྲལ་བཤེར་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་བ་དང་སྦྲགས། བརྡ་ཁྱབ་ནང་མིང་བཏོན་པའི་སྒྲིག་འགལ་སློབ་གྲྭ་འབྲིང་ཆུང་གི་མེ་ཟོན་བདེ་འཇགས་ཚད་ལྡན་ཅན་གྱི་དོ་དམ་ཚད་མཐུན་གྱི་ཞིབ་བཤེར་རྩིས་ལེན་ལས་དོན་འཕྲལ་མར་སྤེལ་མཚམས་འཇོག་དགོས་པའི་བཀའ་རྒྱའང་བཏང་བ་དང་། སློབ་མ་ཆུར་ལྷུང་བ་སྔོན་འགོག་བྱེད་པའི་ལས་དོན་ཁྲོད་སློབ་གྲྭར་ཆ་གསེས་བརྒྱབ་པའི་ཆུ་ཁོངས་ལ་གྲལ་བཤེར་དང་། བྱེད་ཐལ་ཤོར་བ། ཁས་ལེན་ཡི་གེ་ཡང་ཡང་འཇོག་པ་སོགས་ཀྱི་གནད་དོན་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་པ་རེད། ནུས་ལྡན་དང་མི་སེམས་དྲོ་བའི་བཅོས་སྒྲིག་བྱ་ཐབས་རབ་དང་རིམ་པས་གནད་དོན་ངན་རེངས་ཅན་ཐག་གཅོད་གང་ལེགས་ཐུབ་ནས། དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་མིན་པའི་ལས་དོན་གྱི་ཁུར་པོ་ཡང་དུ་ཕྱིན་ཡོད་པ་རེད།

    ཁྲེན་ཅན་གྱིས“ད་ལྟ་ང་ཚོས་ཆེད་མངགས་རྩིས་དེབ་བཟོ་མི་དགོས་པར། མེ་ཟོན་དང་བཟའ་བཅའི་བདེ་འཇགས་ཀྱི་རིགས་གཅིག་མཁས་ཅན་ཐད་ཀར་སློབ་གྲྭར་ཡོང་ནས་ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་མ་ཟད་ལེགས་བཅོས་ཇི་ལྟར་བྱེད་མིན་ཐད་མཛུབ་ཁྲིད་ཀྱང་བྱེད་ཀྱི་ཡོད”ཅེས་བརྗོད་པ་དང་། ཁོང་གིས། སྔོན་ཆད“རྩིས་དེབ”ལས་དོན་དེ་དག་གི་འགན་འཁུར་མཁན་ཚང་མ་ལས་འགན་གཅིག་ལྕོགས་འཁུར་མཁན་སྤྱི་གཉེར་དང་བདེ་འཇགས་གཞུང་ལས་ཁང་གི་དགེ་རྒན་ཡིན་པས། བྱང་ཆུབ་པོ་མེད་ལ་གནད་ལ་འཁེལ་པོ་དང་ཆ་ཚང་པོའང་མེད། ད་ལྟ་རིགས་གཅིག་མཁས་ཅན་གྱིས་མེ་གསོད་སྒྲིག་ཆས་དང་སྒྲིག་བཀོད་གང་དག་འཐུས་སྒོ་ཚང་པོ་མེད་པ་དང་བདེ་འཇགས་དོ་དམ་གྱི་གནས་གང་དག་ཚན་རིག་དང་མ་མཐུན་པ་གསལ་པོར་ཤོད་པ་མ་ཟད། ད་དུང་སྒྲིག་ཆས་སྲུང་སྐྱོང་དང་ལེགས་སུ་ཇི་ལྟར་གཏོང་མིན་དམར་ཁྲིད་བྱེད་ཀྱི་ཡོད་པས། བདེ་འཇགས་དོ་དམ་གྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

    བཅོས་སྒྲིག་བྱས་རྗེས། སློབ་མ་དང་ཁྱིམ་བདག་གིས་ཀྱང་སློབ་གྲྭའི་རྣམ་པར་འགྱུར་ལྡོག་བྱུང་བ་ཚོར་ཡོད་པ་སྟེ། ཧུའེ་ཀྲོའུ་ཡི་གྲོང་མི་ལའེ་ལགས་ཀྱིས“དེ་སྔ་བུ་མོའི་དགེ་རྒན་གྱིས་ང་ཚོར་འབྲེལ་བ་བྱེད་སྐབས། སྐད་ཆའི་ནང་དོན་མང་ཆེ་བ་རྩིས་དེབ་སྣ་ཚོགས་གྲ་སྒྲིག་བྱེད་དགོས་པ་དང་དགོས་པ་མེད་པའི་ཚོགས་འདུར་ཞུགས་དགོས་པ་སོགས་དང་འབྲེལ་བ་ཡོད། ད་ལྟ་གཙོ་བོ་སློབ་ཁྲིད་ཞིབ་དཔྱོད་དང་། བུ་མོའི་སློབ་སྦྱོང་དང་སློབ་གྲྭའི་ནང་ཁུལ་གྱི་སྐོར་རེད”ཅེས་ཤོད་ཞོར་སློབ་དུས་འདིར་འཛིན་བདག་དང་གླེང་མོལ་བྱས་པའི་ཟིན་ཐོ་གསར་འགོད་པར་བསྟན་བྱུང་།

    བསྐྱར་ལོག་སྔོན་འགོག་བྱ་ཆེད། ཧུའེ་ཀྲོའུ་ཡིས“འཕྲལ་བཅོས”དང“ཕུགས་འཕེར”ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ལམ་ལུགས་འཛུགས་སྐྱོང་དང་། མཐུན་སྦྱོར་བཅོས་སྐྱོང་། བབ་བསྟུན་ལྟ་ཞིབ་ཚད་ལེན་སོགས་ཕྱོགས་མང་པོ་ནས་འགོ་བརྩམས་པ་མ་ཟད། ད་དུང་ཕྱོགས་ཡོངས་དང་ཕྱོགས་བསྡུས་ཅན་གྱི་ཕུགས་ཕན་ལམ་སྲོལ་ཡང་བཙུགས་པ་དང་། སྤྱི་ཚོགས་ལ་ཆེད་དོན་ཐེར་འདོན་ཐད་སྦྲེལ་ཁ་པར་དང་ཡིག་སྒམ་ཁྱབ་བསྒྲགས་བྱས་ཏེ། སློབ་གསོ་སློབ་ཁྲིད་དང་འབྲེལ་བ་མེད་པའི་བྱེད་སྒོ་རང་འདོད་ངང་སློབ་གྲྭར་སྤེལ་བ་དང་། ལས་ཀའི་ཚོགས་པ་གང་བྱུང་དུ་སྤྱོད་པ། བྱེད་ཐལ་ཤོར་བ་སོགས་ཀྱི་གནད་དོན་བདག་སྤྲོད་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག གྲོང་ཁྱེར་ཡོངས་ཀྱི་རིགས་མི་འདྲ་བའི་སློབ་གྲྭ་ཁག་18ཁུར་པོ་ཡང་གཏོང་གི་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་བདམས་ཏེ“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”དང“རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་དང་ཆེད་དོན་ལྟ་བཤེར་ཟུང་འབྲེལ”གྱི་ཕྱོགས་བསྡུས་ཅན་གྱི་ལྟ་སྐུལ་དྲ་རྒྱ་བཙུགས་ནས། བཅོས་སྒྲིག་ལས་དོན་ལ་ཕན་འབྲས་ཐོན་པ་དང་ཕུགས་ཕན་ལམ་སྲོལ་ཆགས་པའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།