ཧུའུ་པེ་པཱ་ཏུང་དུ་ཕག་ཤའི་གསོལ་སྟོན་བཤམས་པ།

ཉེ་བའི་ལོ་ཤས་རིང་། ཧུའུ་པེ་ཞིང་ཆེན་པཱ་ཏུང་རྫོང་གིས་དམངས་སྲོལ་རིག་གནས་འབྲེལ་ཐག་ཏུ་བྱས་ཏེ། ཕག་པ་བཤས་ནས་གསོལ་སྟོན་བཤམས་པ་སོགས་ཀྱི་དམངས་སྲོལ་རྒྱུན་འཛིན་དང་། སྤྲོ་འཕེལ་བྱེད་སྒོ་སྤེལ་བ། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན། ཞིང་ཞོར་ཐོན་རྫས་འགྲེམས་ཚོང་བཅས་མཉམ་འདྲེས་གཏིང་ཟབ་བྱས་པ་བརྒྱུད། དམངས་སྲོལ་ལས་གསོན་ཤུགས་གསར་པ་འཕེལ་བར་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྒུལ་ཤུགས་བསྣན་ཡོད་པ་རེད། འདི་ནི་ཟླ་1ཚེས་10ཉིན། ཧུའུ་པེ་ཞིང་ཆེན་པཱ་ཏུང་རྫོང་ཐུའུ་ཏན་ཙེ་གྲོང་ཚོར་ཡུལ་མི་དང་ཡུལ་སྐོར་བ་མཉམ་དུ་འཛོམས་ཏེ་ཕག་ཤའི་གསོལ་སྟོན་ལ་རོལ་བཞིན་པ།
འབྲེལ་ཡོད་གསར་འགྱུར།