དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་གནོད་འཚེའི་དབང་གིས་ལོག་པ་དང་གཏོར་སྐྱོན་ཕོག་པའི་སྡོད་ཁང་བསྐྱར་སྐྲུན་དང་ཉམས་གསོ་ལེགས་སྒྲུབ་བྱེད་ཚད་བཅུ་ཆ་དྲུག་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-18

    གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོཌ་བྱས་པར། 2025ལོར། གནོད་འཚེའི་དབང་གིས་ལོག་པ་དང་གཏོར་སྐྱོན་ཕོག་པའི་སྡོད་ཁང་ཁྲི་4.5བསྐྱར་སྐྲུན་དང་སྡོད་ཁང་ཁྲི་10.2ཉམས་གསོ་བྱེད་དགོས་པའི་ནང་། ཨར་སྐྲུན་ལས་ཡུན་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས། མིག་སྔར། བསྐྱར་སྐྲུན་དང་ཉམས་གསོ་ལེགས་སྒྲུབ་བྱེད་ཚད་བཅུ་ཆ་དྲུག་ལས་བརྒལ་བ་དང་། བར་བརྒལ་བཀོད་སྒྲིག་བྱེད་དགོས་པའི་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་3.8བཀོད་སྒྲིག་འོས་འཚམ་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར། ན་ནིང་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཀྱི་གེགས་སེལ་བཀའ་རྒྱ་དང་ལེན་ཐེངས་24བྱས་པ་དེ་ཉེ་བའི་ལོ་10ཙམ་རིང་གི་མང་ཤོས་ཡིན་པ་རེད། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་363འཕྲལ་མར་གནས་སྤོ་བཀོད་སྒྲིག་དང་ཁོང་ཚོར་འཚོ་བའི་རོགས་སྐྱོབ་བྱས་པ་དང་། ཀྲུང་དབྱང་གི་གེགས་སེལ་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་113གཤམ་སྤྲོད་བྱས་པ་དང་ཀྲུང་དབྱང་གི་རྒུད་སྐྱོབ་དངོས་ཟོག་ཁྲི་56སྤྲད་པ་རེད།

    འཕྲལ་སྡོམ་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས། གནད་སྨིན་དང་ནུས་ཆེའི་སྒོ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་བརྒྱུད་རིམ་ཧྲིལ་པོའི་གེགས་སེལ་རོགས་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད། མིག་སྔར། ནོར་སྲིད་པུའུ་དང་མཉམ་དུ་ཀྲུང་དབྱང་གི་དགུན་དཔྱིད་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་44.4གཤམ་སྤྲོད་བྱས་ཟིན་པ་དང་། ས་གནས་ཁག་ལ་དགུན་སྒྲོལ་དྲོད་སྲུང་དངོས་ཟོག་ཁྲི་60ལྷག་ཙམ་སྤྲོད་པར་མཛུབ་ཁྲིད་བྱས་ཡོད། ཉེ་དུས། ལས་དོན་ཚོགས་ཆུང་གེགས་ཁུལ་དུ་དགུན་དཔྱིད་ཀྱི་རོགས་སྐྱོབ་དངོས་ཟོག་སྐྱེལ་བར་མངགས་ཏེ། དཔྱིད་གསར་དུས་ཆེན་གོང་དངོས་ཟོག་ཚང་མ་གེགས་ཁུལ་གྱི་མང་ཚོགས་ལ་སྤྲོད་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།