དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 《དབུལ་པོ་ལས་སྒྲོལ་བ》དང《ཞི་ཅིན་ཕིང་གི་དབུལ་སྐྱོར་རྣམ་བཤད་གཅེས་བསྡུས》ལ་ཕྱི་རྒྱལ་དུ་དགའ་བསུ་ཆེན་པོ་ཐོབ་པ།

    ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་ལྡན་པའི་འཛམ་གླིང་གི་དོན་སྙིང་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-18

    ཉེ་བའི་ལོ་ཤས་རིང་། ཧྥུའུ་ཅན་ཧྥུའུ་ཏིང་གྲོང་ཁྱེར་གྱིས་ཁྱད་ལྡན་ཇའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་ལས་ལ་ཕན་འབྲས་ཐོན་པ་དང་ཞིང་པར་འབབ་འཕར་ཡོང་རོགས་བྱས་ཡོད། འདི་ནི་2025ལོའི་ཟླ་3ཚེས་19ཉིན། ཇ་འཐུ་མཁན་གྱིས་ཧྥུའུ་ཏིང་གྲོང་ཁྱེར་ཅ་དབྱང་ཧྲེ་རིགས་ཤང་ཧེང་ཁྲུན་ཡོན་སྐྱེ་ལྡན་ཇ་དཀར་པོའི་རྟེན་གཞིར་ཇ་དཀར་པོ་འཐུ་བཞིན་པ།

    འདི་ནི་2025ལོའི་ཟླ་11ཚེས་26ཉིན། ཨེ་ཙེ་ཨོ་ཕི་ཡའི་ཨའོ་ལུའོ་སྨི་ཡ་ཀྲོའུ་ཡི་ཀེ་ཏི་ནོ་གྲོང་ཚོར་ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དུས་ཐེངས་བཞི་པའི་མཐོ་རིམ་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་པའི་ཙུའུ་ཀྲང་གཞོན་པ་ལིའུ་ཧྲོའུ་ཡུན(གཡས)དང་གྲོང་མི་ཨ་པུའུ·ནེ་ཅ་ཧྲེ(གཡོན་གྱི་དང་པོ)གཉིས་ཀྱིས་གསར་དུ་བརྔ་བསྡུ་བྱས་མ་ཐག་པའི་མ་རྨོས་ལོ་ཏོག་སྟོན་བཞིན་པ།

    འདི་ནི་2025ལོའི་ཟླ་11ཚེས་21ཉིན། སྐབས་ལྔ་པའི་ཧིན་རྡུ་ཉི་ཞི་ཡའི་གྲོང་གསེབ་ཀྱི་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭའི་སློབ་མས་ཧྲན་ཏུང་ཧྲོའུ་ཀོང་གྲོང་ཁྱེར་ཅི་ཏུའུ་དེང་རབས་ཞིང་ལས་ཐུན་མོང་ཕྱུག་འགྱུར་གླིང་དུ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་2025ལོའི་ཟླ་5ཚེས་30ཉིན། ཀྲེ་ཅང་ཅིན་ཧྭ་ལས་རིགས་ལག་རྩལ་སློབ་ཆེན་ནས་ཡོང་བའི་ཨ་ཧྥེ་རི་ཁའི་ཕྱི་སྦྱོང་སློབ་མས་ཅིན་ཧྭ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་ཧྲོང་ལུང་ཚོད་ལྟ་ཁང་ཁྲང་ཧྲན་རྟེན་གཞིར་བསྐྱོད་དེ་ཞིང་ལས་འདེབས་འཛུགས་དང་འདེབས་གསོའི་ལག་རྩལ་ལ་ལྟ་སྦྱོང་བྱེད་བཞིན་པ།

    འདི་ནི་2025ལོའི་ཟླ་9ཚེས་12ཉིན། ཐ་ཇིག་སི་ཐན་ཧ་ཐེ་ལུང་ཀྲོའུ་ཏན་ཅ་ལ་ཁུལ་དུ་བཟོ་པ་ཞིག་གིས་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་མཉམ་ལས་རྣམ་གྲངས་ཏན་ཅ་ལ་ཞིང་ལས་འཁལ་འཐག་ཐོན་ལས་གླིང་གི་གྱོན་ཆས་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།

    འདི་ནི་ཞོགས་པར་སྨུག་པ་འཁྲིགས་པའི་ཧུའུ་ནན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ལུང་ཧྲན་རྫོང་ཀྲའོ་ཧྲེ་གྲོང་རྡལ་གྱི་མཛེས་ལྗོངས་ཡིན་པ།

    ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་བར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་ལོ་10སྔ་སྣུར་དུ་མངོན་འགྱུར་བྱུང་སྟེ། དབུལ་པོ་ཉུང་གཏོང་གི་ཀྲུང་གོའི་མ་དཔེ་བཏོད་ཡོད། ཞི་ཅིན་ཕིང་གིས“ཀྲུང་གོས་བྱེད་ཐུབ་པས་ན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གིས་དེ་བས་བྱེད་ཐུབ་ངེས་རེད། དེ་ནི་ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པའི་འཛམ་གླིང་གི་དོན་སྙིང་རེད”ཅེས་གསུངས་ཡོད།

    ཉེ་བའི་ལོ་ཤས་རིང《དབུལ་པོ་ལས་སྒྲོལ་བ》དང《ཞི་ཅིན་ཕིང་གི་དབུལ་སྐྱོར་རྣམ་བཤད་གཅེས་བསྡུས》ཞེས་པའི་དེབ་གཉིས་ཕྱི་རྒྱལ་གྱི་ཡིག་རིགས་མི་འདྲ་བ་10ལྷག་ཙམ་ལ་བསྒྱུར་ནས་ཕྱི་རྒྱལ་གྱི་ཀློག་པ་པོ་མང་པོའི་རྟག་ཏུ་ལྟ་བའི་དེབ་ཏུ་གྱུར་ཡོད། རྒྱལ་ཁབ་མང་པོས་དེབ་དེ་གཉིས་ཀྱི་ཁྲོད་ནས་དབུལ་པོ་ཉུང་གཏོང་གི་བློ་གྲོས་བསྡུས་ཏེ་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་དེ་རང་རྒྱལ་ཁབ་ཀྱི་དབུལ་པོ་ཉུང་གཏོང་གི་ལག་ལེན་དང་ཟུང་འབྲེལ་བྱེད་ཀྱི་ཡོད།

    ཏ་ཁེ་ཝ་ཡིས“ཀྲུང་གོས་དབུལ་པོ་ཉུང་གཏོང་ཐུབ་པ་ནི་ཀྲུང་གོའི་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་རླབས་པོ་ཆེ་ཞིག་ཡིན་པ་མ་ཟད། དེས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་འཕེལ་རྒྱས་ལའང་སྐུལ་འདེད་བཏང་ཡོད། དབུལ་པོ་ཉུང་གཏོང་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་མཉམ་ལས་གཏིང་ཟབ་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པས། ཨ་ཧྥེ་རི་ཁ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་འབྲེལ་གསོ་སྦྱོང་དང་དབུལ་སྐྱོར་ཉམས་མྱོང་སྤེལ་རེས་བྱེད་པ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱེད་རོགས་བྱས་ཏེ་ཨ་ཧྥེ་རི་ཁའི་མི་དམངས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།