དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུར་ལམ་དུ་དགུན་དུས་ཀྱི་སྔོ་ཚལ་རང་ཡུལ་ནས་མཁོ་སྤྲོད་བརྟན་པོ་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-18

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་ཤང་སྡེ་གྲོང་རྡལ་ཁྲའེ་ཡོན་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་དྲོད་ཁང་ནས་སྔོ་ཚལ་སོས་པ་མང་པོ་ཐོན་བཞིན་ཡོད་པ་དང་སྔོ་ཚལ་དེ་དག་རླངས་འཁོར་ནང་བླུགས་རྗེས་ཐད་ཀར་དུར་ལམ་རྫོང་གི་ས་གནས་ཁག་ཏུ་བསྐྱལ་ནས་མང་ཚོགས་ལ་དགུན་དུས་སུ་སྔོ་ཚལ་སྣ་ཚོགས་བཟའ་རྒྱུ་ཡོད་པའི་དགོས་མཁོ་བསྐངས་ཡོད།

    ཁྲའེ་ཡོན་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་གི་འགན་འཁུར་བ་ཝང་ཐིང་རུང་གིས་ངོ་སྤྲོད་བྱས་པར། མིག་སྔར། མཉམ་ལས་ཁང་གི་འགྱིག་ཤོག་དྲོད་ཁང་ཆེ་མོ122ཀྱི་ནང་ནས་དྲོད་ཁང་76ལ་དགུན་དུས་སུ་སུར་པན་དང་། ཆེ་ཙི། ཀྲོ་མ་ཀྲུའུ་སོགས་སྔོ་ཚལ་སྣ་ཁ་18བཏབ་ཡོད། མིག་སྔ་ནི། སྔོ་ཚལ་འཐུ་བའི་དུས་སུ་སླེབས་པས། ཉིན་ལྟར་སྔོ་ཚལ་སོས་པ་ཁྲོམ་རར་འདོན་གྱི་ཡོད། རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ་དང་། དགུན་དུས་འགྱིག་ཤོག་དྲོད་ཁང་དུ་དྲོད་སྙོམས་དང་རླན་སྲུང་བྱེད་ནུས་ཆེ་རུ་ཕྱིན་པ། ཤིང་འབྲས་དང་སྔོ་ཚལ་ཐོན་ཚད་མང་དུ་དང་སྤུས་ཚད་ལེགས་སུ་ཕྱིན་པ། ལོའི་ཐོན་ཚད་ཏུན་460ཟིན་ནས་ས་གནས་དེ་གའི་དགུན་དུས་ཀྱི་སྔོ་ཚལ་དགོས་མཁོ་ནུས་ལྡན་བསྐངས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲའེ་ཡོན་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་གིས“བོགས་དངུལ་དང་། གླ་ཆ། ཁེ་སྤོགས་བཅས་ཟུང་དུ་འབྲེལ་བའི” བྱེད་ཐབས་སྤྱད་དེ་ཤང་སྡེ་གྲོང་རྡལ་ཉེ་འགྲམ་གྱི་གྲོང་མི་ཐག་ཉེ་སར་ལས་ཞུགས་ཐུབ་ནས་མང་ཚོགས་ལ་འབབ་འཕར་དང་ཐོན་ལས་འཕེལ་རྒྱས་གཉིས་ཀ་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།