དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལེ་ལག་ཚང་བའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱིར་བཏང་གི་འགྲོ་སོང་བསྟུད་མར་ཉུང་དུ་བཏང་བ།

    རང་ལྗོངས་ཀྱི་ཏང་སྲིད་ལས་ཁུངས་ཀྱིས་ཟ་མཁས་འཐུང་མཁས་བྱས་ནས་མང་ཚོགས་ལ་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་ཡོང་བར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-18

    2025ལོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་པོ་བྱས་ནས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》བཀྲམ་སྟེ། ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་ནས་ཟ་མཁས་འཐུང་མཁས་བྱེད་པའི་ལམ་ལུགས་སྔར་བས་དམ་དུ་བཏང་ཡོད། དེའི་ཐད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ལེ་ལག་ཚང་བའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་དང་སྤྱིར་བཏང་གི་འགྲོ་སོང་བསྟུད་མར་ཉུང་དུ་གཏོང་བ་གཉིས་ལ་ཤུགས་བརྒྱབ་སྟེ། ཏང་སྲིད་ལས་ཁུངས་ཀྱིས་ཟ་མཁས་འཐུང་མཁས་བྱ་རྒྱུ་གོམས་གཤིས་སུ་འགྱུར་བར་བྱས་ནས་མང་ཚོགས་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས《ཏང་སྲིད་ལས་ཁུངས་ཀྱིས་ཟ་མཁས་འཐུང་མཁས་བྱ་རྒྱུ་གོམས་གཤིས་སུ་འགྱུར་བར་བྱས་ཏེ་ལམ་ལུགས་ནན་པོར་བརྟེན་ནས་སྔོན་རྩིས་ཚོད་འཛིན་བྱེད་པའི་བྱ་ཐབས་ཁག་ཉེར་བདུན》གྱི་རྨང་གཞིའི་ཐོག་ཞིབ་ཕྲའི་སྒྲིག་སྲོལ་ཁག་12བཟོས་པ་དང་། མིག་སྔའི་བར་འགྲོ་སོང་གི་ཚད་གཞི་ཁག་90ལྷག་ཙམ་བཏོན་ནས་འཚོ་བ་སྐྱེལ་མཁས་པོ་བྱེད་པར་ཚད་འབེབས་དང་དཔྱད་ཞིབ་བྱེད་པའི་བརྩོན་ལེན་བྱས་ཡོད་པ་རེད། དེ་དང་ཆབས་ཅིག 2021ལོ་ནས་བཟུང་། ལོ་ལྔ་བསྟུད་མར་སྤྱིར་བཏང་གི་འགྲོ་སོང་ཉུང་དུ་བཏང་བ་དང་། “གཞུང་གྲོན་གསུམ”གྱི་གྲོན་དངུལ་དང་ལམ་གྲོན་སོགས་གཙོ་གནད་ཁྱབ་ཁོངས་ལ་སྔོན་རྩིས་གཞི་གཅིག་ཅན་གྱི་མ་ལག་བརྒྱུད་དུས་ཐོག་ཏུ་ལྟ་འདོམས་བྱས་ནས་བེད་མེད་དུ་ལུས་པའི་མ་དངུལ་དུས་ཐོག་ཏུ་ཕྱིར་བསྡུ་བྱས་པ་རེད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་འཚོ་བ་སྐྱེལ་མཁས་པོ་བྱ་རྒྱུ་དེ་ལོ་ལྟར་ནོར་རྩིས་ལྟ་སྐུལ་གྱི་ཆེད་དོན་བྱ་སྤྱོད་ཀྱི་གཙོ་གནད་དུ་བརྩིས་ནས་ས་གནས(གྲོང་ཁྱེར)དང་། རྫོང(ཆུས)དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཡོད། 2026ལོར་སྡེ་ཚན་གྱིས་སྙན་སེང་ཞུས་པའི“གོང་ཞུ་ཐེངས་དང་པོའི”སྔོན་རྩིས་ཀྱི་རྣམ་གྲངས་5000ལྷག་ཙམ་ཁྲོད། ཀྲུང་དབྱང་ཡིག་ཆའི་གཏན་འབེབས་དང་བསྡུར་ནས་རྒྱུ་ནོར་བཀོད་སྒྲིག་དང་ལམ་གྲོན་སོགས་ཕྱོགས་15ཐད་ཀྱི་སྤྱིར་བཏང་འགྲོ་སོང་གི་སྔོན་རྩིས་སྙན་ཞུའི་གནས་ཚུལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ། ཐུན་མོང་གི་གནད་དོན་རྩད་འཚོལ་གཏིང་ཟབ་བྱས་ནས་འཚོ་བ་སྐྱེལ་མཁས་པོ་བྱེད་པའི་ལས་དོན་ལེགས་བཅོས་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། གྲངས་གཞི་ལས་མངོན་པ་ལྟར་ན། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་དུ། ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སོང་ལོ་རེར་ཆ་སྙོམས་8.9%འཕར་བའི་གནས་ཚུལ་འོག་འཁོར་རྒྱུག་རིགས་དང་། “གཞུང་གྲོན་གསུམ”གྱི་གྲོན་དངུལ། ཚོགས་འདུ་དང་གསོ་སྦྱོང་གྲོན་དངུལ་སོགས་སྤྱིར་བཏང་གི་འགྲོ་སོང་གིས་སྤྱིར་བཏང་སྤྱི་པའི་སྔོན་རྩིས་འགྲོ་སོང་ནང་བཟུང་བའི་བསྡུར་ཚད་ལོ་རེར་ཆ་སྙོམས་2.7%ཆག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།