དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གསར་དུ་བསྐོ་གཞག་བྱས་པའི་གཞུང་ཚབ་ཆེ་མོ་བས་ཕུལ་བའི་རྒྱལ་ཡིག་བཞེས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-18

    ཟླ་1ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་18ཀྱིས་ཕུལ་བའི་རྒྱལ་ཡིག་བཞེས་ཤིང་། འདི་ནི་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་པ་ཚོར་གསུང་བཤད་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་18ཀྱིས་ཕུལ་བའི་རྒྱལ་ཡིག་བཞེས་པ་རེད།

    མི་དམངས་ཚོགས་ཁང་ཆེ་མོའི་བྱང་སྒོའི་ཕྱི་རོལ་དུ་གུས་དམག་རྣམས་གྲལ་སྟར་འགྲིག་པོས་གཞོགས་གཡས་གཡོན་གཉིས་སུ་ལངས་ནས་ཡོད་པ་དང་དུང་བརྡ་གཏོང་མཁན་གྱིས་མགྲོན་བསུའི་དུང་བརྡ་བཏང་བ་དང་ཆབས་ཅིག གཞུང་ཚབ་ཆེ་མོ་བ་ཚོ་གཅིག་རྗེས་གཉིས་མཐུད་ངང་ཕེབས་འབྱོར་ཟིན་ཞིང་། དར་སྦྲེང་རུ་སྟར་གྱི་དཀྱིལ་ནས་གཡང་ཊི་དཀར་པོའི་རྡོ་སྐས་འཛེགས་ཏེ་ཕེབས་པ་རེད།

    《རི་ཀླུང་འདི་འདྲའི་མཛེས་སྡུག་ལྡན་པ་ལ་ཨང》ཞེས་པའི་ལྡེབས་རིས་ཆེན་པོའི་མདུན་དུ་ཞི་ཅིན་ཕིང་གིས་གཞུང་ཚབ་ཆེ་མོ་བ་ཚོས་ཕུལ་བའི་རྒྱལ་ཡིག་བཞེས་པ་མ་ཟད། ཁོང་རྣམ་པ་དང་ལྷན་བཞུགས་སྐུ་པར་ཡང་བསྐྱོན་པ་རེད།

    ཁོང་རྣམ་པ་ནི། ཀྲུང་གོར་བཅའ་སྡོད་ཐུར་ཁེའི་གཞུང་ཚབ་ཆེ་མོ་བ་ཡུས་ནར་དང་། ཀྲུང་གོར་བཅའ་སྡོད་ཨོ་སི་ཁྲུ་རི་ཡའི་གཞུང་ཚབ་ཆེ་མོ་བ་ཧའེ་ཨོ་ཧྥུའུ། ཀྲུང་གོར་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཆེ་མོ་བ་ཝུའེ་ལེ། ཀྲུང་གོར་བཅའ་སྡོད་དབྱི་རག་གི་གཞུང་ཚབ་ཆེ་མོ་བ་པེར་ཝ་ལི། ཀྲུང་གོར་བཅའ་སྡོད་སེབ་རུ་སིའི་གཞུང་ཚབ་ཆེ་མོ་བ་སུའོ་ཧྥེ་ཡ་ནུའུ། ཀྲུང་གོར་བཅའ་སྡོད་མོ་རི་ཐིའུ་སིའི་གཞུང་ཚབ་ཆེ་མོ་བ་ཤའོ་ཞའོ་ཧྲན། ཀྲུང་གོར་བཅའ་སྡོད་སི་ལོ་ཝ་ཁེ་ཡའི་གཞུང་ཚབ་ཆེ་མོ་བ་ལའེ་ཆི་ཡ་ཁེ། ཀྲུང་གོར་བཅའ་སྡོད་ཀག་ནའི་གཞུང་ཚབ་ཆེ་མོ་བ་པང་སུའུ། ཀྲུང་གོར་བཅའ་སྡོད་ན་སྨི་པི་ཡའི་གཞུང་ཚབ་ཆེ་མོ་བ་ཨའེ་མུའུ་ཝུའུ་ལ། ཀྲུང་གོར་བཅའ་སྡོད་ཧན་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་ཙའེ་ཤན། ཀྲུང་གོར་བཅའ་སྡོད་ཝུ་ར་ཀུའེ་ཡི་གཞུང་ཚབ་ཆེ་མོ་བ་ཁཱ་ཧྥུའུ་ལར། ཀྲུང་གོར་བཅའ་སྡོད་སུའེ་ཙེར་གྱི་གཞུང་ཚབ་ཆེ་མོ་བ་མཱ་ཐིང་། ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཅཱ་ཝ་ཏེ། ཀྲུང་གོར་བཅའ་སྡོད་ཕེ་རུའི་གཞུང་ཚབ་ཆེ་མོ་བ་པཱ་སི་ཁི་སི། ཀྲུང་གོར་བཅའ་སྡོད་ལེ་པ་ནོན་གྱི་གཞུང་ཚབ་ཆེ་མོ་བ་ལཱ་ཏེ། ཀྲུང་གོར་བཅའ་སྡོད་ཁོང་ཀོ(པུའུ)ཡི་གཞུང་ཚབ་ཆེ་མོ་བ་མཱ་སྨི་ནཱ། ཀྲུང་གོར་བཅའ་སྡོད་ལེ་སི་ཐོ་ཡི་གཞུང་ཚབ་ཆེ་མོ་བ་ལིན་མེ། ཀྲུང་གོར་བཅའ་སྡོད་འབར་མའི་གཞུང་ཚབ་ཆེ་མོ་བ་ཙུའོ་ཝུན་མེ་བཅས་རེད།

    མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་པ་ཚོར་གསུང་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་གཞུང་ཚབ་པ་ཚོར་ཀྲུང་གོར་འགན་འཁྲི་སྒྲུབ་པར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་ཚོར་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མི་དམངས་ལ་སྨོན་འདུན་བཟང་པོ་བརྒྱུད་ཞུ་བྱེད་རོགས་ཞུས་པ། སླད་ཕྱིན་གཞུང་ཚབ་པ་ཚོས་ཕྱོགས་ཡོངས་ནས་ཀྲུང་གོ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་རྒྱལ་ཁབ་ཁག་དབར་གྱི་མཛའ་གྲོགས་ཟབ་ཏུ་དང་ཀྲུང་གོ་དང་མཛམ་གླིང་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་གི་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་དཔའ་སྐྱེད་མདུན་སྐྱོད་བྱེད་བཞིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པའི་ངང་ལེགས་སྒྲུབ་ཟིན་ནས་དཔལ་འབྱོར་གྱི་སྤྱི་འབོར་རྒྱུན་མཐུད་འཕར་བ་དང་། ཚན་རྩལ་གསར་གཏོད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། སྔོ་ལྗང་རི་ཀླུང་ཆེས་བཀྲག་མདངས་ལྡན་པའི་ཡུལ་ལྗོངས་སུ་གྱུར་པ། དམངས་འཚོའི་རྒྱུགས་ལན་ལས་མི་རྣམས་ཀྱི་སེམས་པ་ཚ་སོབ་སོབ་ཏུ་གྱུར་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོས་འབྱུང་འགྱུར་ལོ་ལྔའི་རིང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་བརྗིད་ཆེའི་འཆར་གཞི་བཀོད་པ་དང་སྦྲཌ། འཛམ་གླིང་ལའང“གོ་སྐབས་ཀྱི་གསལ་ཐོ”ཞིག་མཁོ་འདོན་བྱས་ཡོད། ཀྲུང་གོའི་སྒོ་དབྱེའི་རྒྱལ་སྒོ་འབྱེད་རྒྱ་སྔར་བས་ཆེ་རུ་འགྲོ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་སྒུལ་ནུས་གསར་པ་དེ་བས་མང་བ་བསྣན་ཏེ། ཐུན་མོང་འཕེལ་རྒྱས་དང་མཛེས་པ་མཉམ་གནས་མངོན་འགྱུར་ཡོང་ངེས་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། དེང་གི་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོཌ་མྱུར་འགྲོ་བཞིན་ཡོད་པ་དང་། འགྱུར་ལྡོག་དང་ཡོ་ལང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དེ་བས་མངོན་གསལ་དོད་དུ་སོང་ཡོད། ཁ་ཕྲལ་འགྲན་རྒོལ་དང་བསྡོམས་སྟོངས་འཐབ་འགྲན་ལ་རྒྱལ་ཁ་ཐོབ་རྒྱུ་ལྟ་ཅི། འཛམ་གླིང་སླར་ཡང་ཆེ་བཙན་ཆུང་བརྙས་སུ་བསྐྱར་སློག་ཐེབས་ཏེ་མི་སེམས་ཐོབ་ཐབས་བྲལ་བས། ཕྱར་བ་གྲུ་འདེཌ་དང་མཐུན་སྒྲིལ་མཉམ་ལས་ནི་ད་གཟོད་ཡང་དག་པའི་གདམ་ག་གཅིག་པུ་དེ་རེད། ངས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་པའི་དམིཌ་ཡུལ་ནི། དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུཌ་པར་སྐུལ་འདེད་གཏོང་ཆེད་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་སུ་ལངས་ནས། མི་དམངས་ཀྱི་བསམ་འདུན་ལྟེ་བར་འཛིན་པ་དང་གནམ་འོག་གི་ཁེ་ཕན་བདེ་རྩར་འཛིན་ཏེ། རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོཌ་པ་འཛུཌ་པར་སྐུལ་འདེད་གཏོང་གི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།