དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་གསར་གཏོད་མཁོ་སྤྲོད་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-17

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ནས་གནས་ཚུལ་སྤེལ་གསལ། གནས་ཐང་འཕར་ཁྲལ་འཛིན་ཤོག་གི་གྲངས་གཞི་ལས་མངོན་པར། 2025ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་ལས་ཀྱི་ལག་རྩལ་དང་། ལས་རྣམ། དཔེ་དབྱིབས་བཅས་གསར་གཏོད་མགྱོགས་མྱུར་བྱས་པར་བརྟེན་ཞིང་ནགས་ཕྱུགས་ཉ་བཅས་ལས་རིགས་ཀྱི་ཐོན་ཁུངས་སྤྱོད་ཚད་དང་ལྗང་མདོག་སྤུས་ལེགས་ཀྱི་ཞིང་འབྲོག་ཐོན་རྫས་མཁོ་སྤྲོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ། ཐོན་ལས་ཀྱི“ཁུལ་བཞི”འཛུགས་སྐྲུན་ལ་ཞིང་འབྲོག་གི་སྒུལ་ནུས་ཆེན་པོ་བསྣན་ཡོད་པ་རེད།

    ལག་རྩལ་གསར་བཅོས་ཀྱི་དགོས་མཁོ་མགྱོགས་མྱུར་ཆེ་རུ་ཕྱིན་པ་ནི་མངོན་གསལ་དོད་པའི་བཀྲག་མདངས་འཚེར་ས་ཞིག་ཡིན་ཞིང་། 2025ལོའི་ལོ་མཇུག་ཏུ། ཞིང་ཆེན་ཡོངས་སུ་ཁྲལ་དོན་ཐོ་འགོད་བྱས་པའི་ཞིང་ནགས་ཕྱུགས་ཉ་བཅས་ཀྱི་ལག་རྩལ་ཁྱབ་གདལ་ཞབས་ཞུའི་གཉེར་སྐྱོང་བྱེད་པོའི་དུད་ཚང་650ཟིན་པ་དེ་2024ལོའི་ལོ་མཇུག་ལས་32.1%འཕར་བ་དང་། དུས་མཚུངས་ཀྱི་ལས་རིགས་དེའི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་26.3%འཕར་ཡོད། གསར་གཏོད་ལ་མ་དངུལ་གཏོང་ཤུགས་ཀྱང་དུས་མཚུངས་སུ་ཆེ་རུ་བཏང་བ་དང་། 2025ལོར་འབྲེལ་ཡོད་གཉེར་སྐྱོང་བྱེད་པོར་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་སྣོན་རྩིས་འཐེན་འཕྲི་བྱས་ནས་དཔྱ་ཁྲལ་ཆག་ཡང་སྒོར་ཁྲི་800ཙམ་བཏང་བས་གསར་གཏོད་བྱེད་ཤུགས་རྒྱུན་མཐུད་མགྱོགས་སུ་ཕྱིན་ཡོད་པ་རེད།

    ཞིང་འབྲོག་ལས་དེང་རབས་ཅན་གྱི་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་བརྟན་པོ་ཕྱིན་ཞིང་། 2025ལོར། ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ལས་ལ་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་བྱས་པའི་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་70.6%འཕར་བ་དེའི་ནང་རྨོན་འདེབས་དང་། ཞིང་སྨན་རྒྱག་པ། ཕྱུགས་འཚོ་བ་སོགས་ལ་སྤྱོད་པའི་མི་མེད་གནམ་གྲུའི་སྒྲིག་ཆས་ཉོ་སྒྲུབ་བྱས་པའི་དངུལ་འབོར་ལོ་གོང་མའི་དུས་མཚུངས་ལས་80.2%འཕར་ཏེ། འཕྲུལ་ཆས་ཅན་དང་རིག་ནུས་ཅན་གྱི་ལས་སྒྲུབ་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རིག་ལྡན་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་སྤུས་འབྲས་ལེགས་གཉེར་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ནགས་ཕྱུགས་ཉ་བཅས་ལས་རིགས་ཀྱི་མཉེན་ཆས་ཉོ་སྒྲུབ་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་དངུལ་གྲངས་དུས་མཚུངས་ལས་47.8%འཕར་ཏེ། མུའུ་ཁྲི་བརྒྱའི་རྩྭ་རར“5Gདང་བྱང་སྐར་སྤུན་བདུན་ཟུང་འབྲེལ”གྱི་རིག་ནུས་ལྕགས་དྲ་བསྐོར་བ་དང་ཕྱུགས་རིགས་ཀྱི་གནས་གཏན་འཁེལ་དང་། དེ་བཞིན་ཉ་ལས་གསོ་ཚགས“5G+”ཀྱི་རྒྱང་རིང་སྐོར་ཞིབ་དང་ལྟོ་སྟེར་རྒྱུ་རིམ་བཞིན་མངོན་འགྱུར་བྱུང་ཡོད་པ་རེད།

    གསར་གཏོད་ལས་སྟེགས་དང་ཁྱད་ལྡན་ཐོན་རྫས་མཁོ་སྤྲོད་གཉིས་ཀར་གྲུབ་འབྲས་ཐོབ་ཅིང་། ཞིང་ཆེན་ཡོངས་ཀྱི་ཞོག་ཁོག་འདེབས་འཛུགས་རྟེན་གཞི་སོགས་ཀྱི་ཐོན་ལས་གསར་གཏོད་ལས་སྟེགས་འཛུགས་སྐྲུན་ལ་ཕན་འབྲས་ཐོན་པ་དང་། རང་བརྟེན་འདེམས་གསོ་བྱས་པའི་མཚོ་སྔོན་གྱི་ཞོག་ཁོག་ཨང་9པ་ཁྱབ་གདལ་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས། 2025ལོའི་ཞིང་ཆེན་ཡོངས་ཀྱི་ཞོག་ཁོག་རིགས་ཀྱི་འདེབས་འཛུགས་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་25.1%འཕར་ཡོད། ས་མཐོའི་གྲང་བསིལ་སྔོ་ཚལ་དང་། ཆུ་གྲང་ཉ། འབྲི་གཡག་སོགས་ཁྱད་ལྡན་ཐོན་རྫས་ཀྱི་སྣ་ཁ་རྒྱུན་མཐུད་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། སྔོ་ཚལ་འདེབས་འཛུགས་དང་། ཆུ་ཐོན་ཐོན་རྫས་གསོ་སྤེལ། འབྲི་གཡག་གསོ་ཚགས་སོགས་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་བསྡོམས་འབོར་དུས་མཚུངས་ལས་17.9%འཕར་བ་དེའི་ནང་ཞིང་ཆེན་གཞན་དུ་ཕྱིར་ཚོང་བྱས་པའི་དངུལ་འབོར་དུས་མཚུངས་ལས་21.4%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།