བྲག་འཛེག་འགྲན་སློང་།

ཀོང་ཤིས་ཀུའེ་ལིན་གྲོང་ཁྱེར་དབྱང་ཧྲའོ་རྫོང་ལ་ཐུན་མོང་མ་ཡིན་པའི་ཁ་སི་ཐེ་རི་ཚོགས་ཀྱི་ས་དབྱིབས་ལྡན་པས། གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་པའི་བྲག་འཛེག་གནས་མཆོག་ཅིག་རེད། ཉེ་བའི་ལོ་ཤས་རིང་། ས་གནས་དེས་བྲག་འཛེག་གི་བརྗོད་དོན་གཙོ་བོའི་རིག་གནས་ཡུལ་སྐོར་རྣམ་གྲངས་བཏོད་པ་དང་། བྲག་འཛེག་དུས་ཆེན་སྐབས་བཅུ་བདུན་གྲུབ་འབྲས་ཐོབ་པའི་ངང་གཉེར་བ། ཁེར་རྐྱང་བྲག་འཛེག་བྱ་ཡུལ་70ལྷག་ཙམ་དང་བྲག་འཛེག་ལམ་ཐིག་1200ལྷག་ཙམ་གསར་སྤེལ་བྱས་པ། ཨེ་ཤེ་ཡའི་ཆ་ཚང་ཤོས་ཀྱི་རང་བྱུང་བྲག་འཛེག་སྦྱོང་བརྡར་རྟེན་གཞི་བཏོད་པ་བཅས་བྱས་པས་ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་བྲག་འཛེག་ལ་དགའ་པོ་ཡོད་མཁན་ཁྲི་ཕྲག་མང་པོའི་ཡིད་དབང་བཀུག་ཡོད། འདི་ནི་བྲག་འཛེག་པས་གཡང་གཟར་བྲག་རིར་འཛེག་བཞིན་པ།
འབྲེལ་ཡོད་གསར་འགྱུར།