ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་དམར་ཐིག་དབྱེ་འབྱེད་བྱས་པ།
སྤུས་བཤེར་ལས་ཁུངས་ཀྱིས་རྫུན་བཟོ་བྱས་ན་ཞིབ་བཤེར་གྱི་ཐོབ་ཐང་མེད་པར་བཟོ་རྒྱུ་ཡིན་པ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཐོན་རྫས་སྤུས་ཚད་ཞིབ་བཤེར་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་འབྲས་རྫུན་བཟོ་བྱེད་པའམ་ཡང་ན་དཔང་རྟགས་རྫུན་མ་སྤྲད་པའི་གནས་ཚུལ་ཚབས་ཆེ་བའི་ཁྲུན་གཅོད་ཚད་གཞིའི་སྐོར་གྱི་བསམ་འཆར》བཀྲམ་སྟེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་བཅའ་ཁྲིམས》ཀྱི་དོན་ཚན་ང་བདུན་པའི་ནང་གསེས་དང་པོར་གཏན་འབེབས་བྱས་པའི“གནས་ཚུལ་ཚབས་ཆེན”རིགས་སུ་གཏོགས་པའི་སྣང་ཚུལ་ཁ་གསལ་བཟོས་ཡོད་པ།
ཞིབ་བཤེར་བྱས་འབྲས་རྫུན་བཟོ་བྱས་པའམ་ཡང་ན་དཔང་རྟགས་རྫུན་མ་སྤྲད་པ་ལས་བྱས་ཉེས་ཀྱི་ཚད་དུ་སླེབས་རིགས་ལ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རིགས།
ལོ་གཉིས་ནང་ཞིབ་བཤེར་བྱས་འབྲས་རྫུན་བཟོ་བྱས་པའམ་ཡང་ན་དཔང་རྟགས་རྫུན་མ་སྤྲད་པའི་དབང་གིས་སྲིད་འཛིན་གྱི་ཆད་པ་ཐེངས་གཅིག་ཕོག་པ་དང་། ཁྲིམས་འགལ་གྱི་བྱེད་སྤྱོད་རིགས་མཚུངས་སླར་ཡང་སྤེལ་རིགས།
བྱིས་པའི་མཁོ་ཆས་དང་། འཕྲུལ་སྒུལ་འཁོར་རིགས། གློག་སྒུལ་རྐང་འཁོར། མེ་གསོད་ཐོན་རྫས། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། དམངས་སྤྱོད་འབར་གས་དངོས་རྫས། བཟོ་སྐྲུན་དྲོད་སྲུང་རྒྱུ་ཆ། ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ལག་བསྟར་རམ་ཡང་ན་བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཁས་ལེན་དཔང་འདོན་དང་དོ་དམ་བྱེད་པ་སོགས་མི་དམངས་ཀྱི་ཚེ་སྲོག་གི་བདེ་ཐང་བདེ་འཇགས་དང་སྤྱི་པའི་བདེ་འཇགས་དང་འབྲེལ་བའི་གཙོ་གནད་ཁྱབ་ཁོངས་སུ་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་རྫུན་མ་2ཡན་སྤྲད་པའམ་ཡང་ན་ཐོན་རྫས་སྣ་ཚོགས་ཀྱི་སྤུས་ཚད་ཞིབ་བཤེར་ཁྱབ་ཁོངས་སུ་སྙན་ཞུ་རྫུན་མ་10ཡན་བྱས་རིགས།
སྤུས་ཚད་བདེ་འཇགས་ཐད་ཀྱི་དོན་རྐྱེན་ཆེན་པོ་དང་ཚབས་ཆེན་བཟོས་པའམ་ཡང་ན་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་རིགས།
ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་གནས་ཚུལ་ཚབས་ཆེ་བར་གཏན་ཁེལ་བྱེད་དགོས་པའི་གནས་ཚུལ་གཞན་དག་བཅས་ཚུད་ཡོད།
གོང་གསལ་གྱི་གནས་ཚུལ་དང་མཐུན་པའི་ཁྲིམས་འགལ་ལས་ཁུངས་ལ་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྲིམས་ལྟར་དེའི་ཞིབ་དཔྱད་ཐོབ་ཐང་མེད་པར་བཟོ་རྒྱུ་མ་ཟད། གཏན་འབེབས་ལྟར་ཁྲོམ་ར་ལྟ་འདོམས་ཀྱི་ཁྲིམས་འགལ་ཚབས་ཆེན་དང་ཁ་དན་ཚིག་ལ་མ་གནས་པའི་མིང་ཐོའི་ནང་བཅུག་ནས་སྡེ་ཚན་བརྒལ་བའི་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ལག་བསྟར་བྱེད་རྒྱུ།ད་བྱས།
འབྲེལ་ཡོད་གསར་འགྱུར།